ཉི་ཧོང་གཞུང་གིས་རྒྱ་ནག་གི་ཉ་འཛིན་གྲུ་པ་ཕྱིར་སློག།

ཉི་ཧོང་གཞུང་གིས་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་ནག་གི་ཉ་འཛིན་མཁན་གྱི་གྲུ་དཔོན་ཙའུ་ཆིའི་ཞུང་རྒྱ་ནག་ལ་ཕྱིར་སློག་བྱེད་རྒྱུ་ཡིན་པ་རེད།

2010.09.24

༄༅༎ཉི་ཧོང་གཞུང་གིས་ཉེ་ཆར་ཉི་ཧོང་གི་མཚོ་ཐོག་བསྐོར་གཡེངས་དམག་དཔུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་ཉ་འཛིན་མཁན་གྱི་གྲུ་དཔོན་ཙའུ་ཆིའི་ཞུང་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུ་ཕྱིར་བསྒྲགས་གནང་ཡོད་པ་དང་ ཡིན་ནའི་གྲུ་དཔོན་ཙའུ་ལ་ཉེས་དོན་གྱི་ཉེས་ཆད་གཏོང་རྒྱུ་ཕྱིར་ཐེན་བྱ་རྒྱུ་མིན་ལུགས་གསུང་ཡོད་པ་རེད་

ཉི་ཧོང་གི་ན་ཧ་གྲོང་ཁྱེར་ཁྲིམས་འཛིན་ལས་ཁང་གིས་རྒྱ་ནག་གི་གྲུ་དཔོན་ཙའུ་གློད་བཀྲོལ་གཏོང་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་ ཉིན་གྲངས་བཅུ་ལྔ་ཙམ་གྱི་གོང་ རྒྱ་ནག་དང་ཉི་ཧོང་དབར་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱ་མིས་ཏེགའོ་ཡུས་ཞེས་པ་དང་ ཉི་ཧོང་གིས་སེན་ཀ་ཀུ་ཞེས་འབོད་པའི་མཚོ་གླིང་ཁུལ་དུ་རྒྱ་ནག་གི་ཉ་འཛིན་མཁན་གྱི་གྲུ་གཟིང་ཞིགཉི་ཧོང་མཚོ་ཐོག་བསྐོར་གཡེངས་དམག་དཔུང་གིས་ཉི་ཧོང་གི་མཚོ་ཐོག་ས་ཁུལ་དུ་འཛུལ་པའི་རྒྱུ་མཚན་ལ་བརྟེན་ནས་ཉ་འཛིན་མཁན་གྱི་གྲུ་གཟིངས་བཀག་པ་དང་འབྲེལ་ དེའི་ནང་ཡོད་པའི་གྲུ་དཔོན་དང་ཉ་པ་མི་གྲངས་བཅུ་བཞི་འཛིན་བཟུང་བྱས་ནས་ཉ་པ་དེ་དག་མི་རིང་བར་གློད་བཀྲོལ་བཏང་ཡོད་ཀྱང་ གྲུ་དཔོན་དེ་ཉི་ཧོང་གིས་དོ་དམ་བཀག་ཉར་བྱེད་བཞིན་པར་བརྟེན་ གནད་དོན་དེས་རྐྱེན་པས་རྒྱ་ནག་ནང་རྒྱ་རིགས་མང་པོ་ཞིག་གིས་ཉི་ཧོང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་འབྲེལ་ ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སླར་ཡང་སྡུག་ཏུ་འགྲོ་་བཞིན་པར་བརྟེན་ ཉི་ཧོང་གཞུང་གིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་མ་འོངས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་གྲུ་དཔོན་ཙའུ་ཆིའི་ཞུང་གློད་བཀྲོལ་གཏོང་རྒྱུའིཐག་གཅོད་གནང་བ་ཞིག་ཡིན་པ་ཉི་ཧོང་བློན་ཆེན་ལས་ཁང་གི་དྲུང་ཆེ་ཡོ་ཤི་ཏོ་སེན་གོ་ཀུ་ཡིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་འདུག

ཉི་ཧོང་གཞུང་གིས་རྒྱ་མི་གྲུ་དཔོན་ཙའུ་གློད་བཀྲོལ་གཏོང་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་གནང་མ་ཐགརྒྱ་ནག་གཞུང་གིས་གནམ་གྲུ་ཆེད་གཏོང་བྱས་ནསགྲུ་དཔོན་ཙའུ་རྒྱ་ནག་དུ་ལེན་འཆར་ཡོད་སྐོར་བརྗོད་ཡོད་པ་མ་ཟད་ ཉི་ཧོང་གཞུང་གིས་གྲུ་པ་ཙའུ་ལ་ཉེས་དོན་གྱི་ཉེས་བཙུགས་གང་འདྲ་ཞིག་བྱས་ཀྱང་ དེ་ནི་ཁྲིམས་མཐུན་མིན་པ་དང་ནུས་པ་ཡང་ཐོན་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎