གསར་འགོད་པ་ཚོར་བོད་ནང་འགྲུལ་བསྐྱོད་ཀྱི་ཆོག་མཆན་སྤྲོད།

རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་བོད་ནང་འགྲུལ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་སྐོར་རེ་འདུན་བཏོན་པ།

2012.02.08

༄༅༎རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་ བོད་ཀྱི་ས་ཁུལ་ཁག་ཏུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་སྐོར་རྟོག་ཞིབ་ཆེད་ རྒྱ་ནག་གཞུང་ནས་གསར་འགོད་པ་ཚོར་ འགྲུལ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་སྐོར་རེ་འདུན་ཤུགས་ཆེ་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག 
དེ་ཡང་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ཚེས་ ༢ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གསལ་ལྟར་ན་ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་གི་ནང་བོད་མིས་རང་ལུས་མེར་སྲེག་བཏང་བ་དང་ རྒྱ་གཞུང་ནས་བོད་མི་དམར་གསོད་བཏང་བའི་གནས་ཚུལ་བྱུང་རྗེས་ད་ཆ་ཁུལ་དེར་གསར་འགོད་པའི་འགྲོ་བསྐྱོད་བཀག་སྡོམ་ཆེད་ བདེ་འཇགས་མི་སྣ་ཧ་ཅང་ཕོན་ཆེ་འགྲེམ་འཇོག་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པའི་གནས་ཚུལ་མཁོ་གྲུབ་ཀྱི་རང་དབང་ལ་སྟངས་འཛིན་དང་ གསར་འགོད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པར་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསལ་འདོན་བྱས་ཡོད་པ་རེད་ གོང་གསལ་སྤྱི་སྒྲགས་ནང་གསལ་བར་གཞིགས་ན་ རྒྱ་ནག་གི་ཁྲིམས་ལུགས་ནང་ཕྱི་རྒྱལ་གསར་འགོད་པ་ཚོས་རང་དབང་ཐོག་ནས་མི་སུ་འདྲ་ཞིག་ལའང་དྲི་བ་དྲིས་ལན་བྱ་རྒྱུ་ཐོབ་ཐང་ཡོད་ལུགས་གསལ་ཡོད་པ་རེད་ འོན་ཀྱང་ཕྱི་རྒྱལ་གསར་འགོད་པ་ཚོས་ བོད་ཀྱི་ས་ཁུལ་ཁག་ཏུ་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱ་སྐབས་ རྒྱ་མིའི་ཉེན་རྟོག་མི་སྣས་ གནམ་གཤིས་དང་གཞུང་ལམ་ཡག་པོ་མེད་སྐོར་ཁག་དཀྲིས་གཡོག་པ་མ་ཟད་ལམ་བར་དུ་ཕྱི་རྒྱལ་གསར་འགོད་པའི་སྣུམ་འཁོར་གྱི་འགྲོ་ལམ་བཀག་འགོག་བྱས་སྟེ་ གསར་འགོད་པ་ཚོར་དྲིས་ཙད་དང་ཅ་དངོས་གང་བྱུང་སྔོག་བཤེར་དང་འཕྲོག་གཅོམ་བྱེད་པ་ དབཞིན་བོད་ཀྱི་ཉེ་འཕྲིད་ས་ཁུལ་ནས་གསར་འགོད་པ་རྣམས་ཁྲེན་ཏུ་གྲོང་ཁྱེར་རུ་ཕྱིར་འབུད་བྱས་པ་སོགས་ གསར་འགོད་པའི་རང་དབང་ལ་དམ་སྒྲགས་ཇི་ཆགས་སྐོར་གསལ་འདོན་བྱས་ཡོད་འདུག་  དེ་བཞིན་གོང་གསལ་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་སྤེལ་བའི་སྤྱི་སྒྲགས་ནང་ རྒྱ་ནག་གི་ཉེན་རྟོག་མི་སྣས་ཕྱི་རྒྱལ་གསར་འགོད་པ་ཚོའི་ཡུལ་མིའི་ལག་འཁྱེར་དང་གསར་འགོད་པའི་ངོ་སྤྲོད་ལག་འཁྱེར་སོགས་ལ་ དོ་ནན་རྟོག་ཞིབ་བྱེད་བཞིན་ཡོད་པ་ནི་ རྒྱ་ནག་དབུས་གཞུང་གིས་བཀོད་ཁྱབ་ལག་བསྟར་ཡིན་པར་གསལ་འདོན་བྱས་པ་དང་ཆབས་ཅིག་ གསར་འགོད་པ་ཚོས་འབྲེལ་ཡོད་ས་གནས་ཁག་ལ་དངོས་སུ་བསྐྱོད་དེ་རང་དབང་ཐོག་ནས་འཁྱོག་བཤད་གང་ཡང་མེད་པར་ དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་བཀོད་སྤེལ་བྱ་རྒྱུ་ནི་གསར་འགོད་པའི་ལས་འགན་གཙོ་བོ་ཡིན་པ་བརྟེན་ རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པར་སྟངས་འཛིན་གྱི་ཁྲིམས་ལུགས་ཕྱིར་བསྡུ་དང་ གསར་འགོད་པའི་ལས་འགན་ལ་བརྩི་བཀུར་ཞུས་སྟེ་ བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པ་བཅས་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎