བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་བསྒྲགས།
2012.02.06
༄༅༎རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་མང་དག་བྱུང་དང་བྱུང་བཞིན་པ་དེས་བོད་མི་རྣམས་ཀྱིས་རྒྱ་མིའི་དྲག་གནོན་ཧ་ཅང་གི་ཤུགས་ཆེ་རུ་ཕྱིན་པར་ལན་འདེབས་བྱས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་སྐོར་གསུང་འདུག
དེ་ཡང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་བོད་ནང་རྒྱ་གཞུང་གིས་དྲག་སྤྱོད་ཀྱི་ལས་འགུལ་དེ་མཚམས་འཇོག་ཡོང་རྒྱུར་རྒྱལ་སྤྱིའི་ཐོག་ནས་རྒྱ་གཞུང་གི་འགོ་འཁྲིད་མཉམ་དུ་འཕྲལ་དུ་དང་ཐད་ཀར་འབྲེལ་གཏུགས་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ བོད་ནང་རྒྱའི་དྲག་གནོན་ལ་ངོ་རྒོལ་ཆེད་ད་བར་ལོ་ངོ་གཅིག་ལྷག་ཙམ་རིང་ཉུང་མཐར་བོད་མི་ ༡༩ ཡིས་རང་ཀྱི་སྐུ་ལུས་ཞུགས་འབུལ་དང་ངོ་རྒོལ་གྱི་ལས་འགུལ་ཡང་རིམ་པ་བྱུང་ཡོད་པ་རེད་ ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་བསྒྲགས་དེའི་ནང་བོད་ནང་བོད་མི་རྣམས་ཀྱིས་ཧ་ཅང་གི་དངངས་འཚབ་ཆེ་བའི་རང་གི་སྐུ་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དེས་བོད་ནང་རྒྱ་གཞུང་གི་དྲག་གནོན་དེ་དེ་བས་ཇེ་ཤུགས་ཆེ་རུ་ཕྱིན་ཡོད་པའི་རྟགས་མཚན་རེད་ཅེས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ དེ་བཞིན་གསར་འགོད་གསལ་བསྒྲགས་དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགོད་འཁྲིད་ཚོར་བོད་ནང་གནས་ཚུལ་ཇི་བྱུང་དེ་རྟོག་ཞིབ་བྱས་དང་བྱེད་བཞིན་ཡོད་པ་ཧ་གོ་དོན་གསལ་བཟོ་དགོས་ཞེས་བཀོད་ཡོད་པ་རེད་