ལྦ་ཤིང་ཊན་པོས་ཊ་ཡིས་བཀའ་ཁྲི་མཆོག་ལ་བཅར་འདྲི།

བཀའ་ཁྲི་མཆོག་གིས་བོད་ནང་ངོ་རྒོལ་གྱི་ཐབས་ལམ་གཞན་མེད་པར་བརྟེན་རང་ལུས་མེ་སྲེག་མི་གཏོང་དཀའ་མེད་ཆགས་ཡོད་པ་གསུངས་འདུག

2012.07.14

༄༅༎བཀའ་བློན་ཁྲི་པ་མཆོག་གིས་བོད་ནང་གི་བོད་མི་ཚོར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་རྒྱུའི་ཐབས་ལམ་གཞན་མེད་པར་བརྟེན་ནས་རང་ལུས་མེར་སྲེག་མི་གཏོང་དཀའ་མེད་ཆགས་ཀྱི་ཡོད་པའི་སྐོར་གསུངས་འདུག
ཕྱི་ཚེས་༡༣་ཉིན་ཨ་རིའི་སྙན་གྲགས་ཆེ་བའི་ཚགས་ཤོག་The Washington Post ཡིས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་བྱེད་པའི་སྐབས༎ ཁོང་གིས། ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་ད་བར་དགེ་འདུན་པ་དང་། བཙུན་མ། འབྲོག་པ་དང་། སློབ་ཕྲུག་དེ་བཞིན་ཕྲུ་གུའི་ཨ་མ་སོགས། བོད་མི་༤༣་ཙམ་གྱིས་༸གོང་ས་མཆོག་བོད་ལ་གདན་དྲེན་ཞུ་དགོས་པ་དང་། བོད་ནང་རང་དབང་དགོས་པའི་སྐད་འབོད་བྱས་ནས་རང་ལུས་མེར་སྲེག་བཏང་ཡོད་སྟབས། གནད་དོན་དེའི་ཐོག རྒྱལ་སྤྱིའི་ཐོག་ནས་ཛ་དྲག་གི་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་པོ་བཏོན་དགོས་སྐོར་དང༌། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ཞིབ་རྩད་བྱེད་མེད་པ་དེ་ཡང་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག
ད་དུང་ཁོང་གིས། བོད་ནང་གི་བོད་མི་ཚོར་སྐད་འབོད་དང་འདུ་འཛོམས་སོགས་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུའི་རང་དབང་རྩ་བ་ནས་མེད་པར་བརྟེན། བོད་མི་ཚོར་ཐབས་ལམ་གཞན་མེད་པའི་འོག་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་བློས་བཏང་ནས། རྒྱ་ནག་གཞུང་གིས་དྲག་པོའི་དམ་དྲག་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་གྱི་ཡོད་པ་རེད་ཅེས་བརྗོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎