བཀའ་ཁྲི་མཆོག་ནས་རྒྱ་རིགས་དང་མཇལ་མོལ་གནང༌།
2012.07.04
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཨོ་སི་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་རྒྱ་རིགས་གྲངས་ ༥༠ ལྷག་དང་མཇལ་འཕྲད་གྲོས་མོལ་གནང་བཞག སྐབས་དེར་བཀའ་ཁྲི་མཆོག་གིས་ཁོང་རང་ཉིད་ནས་ལོ་མང་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ལ་ཞིབ་འཇུག་གནང་ཡོད་པ་དང་། རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་སྟབས། རིམ་བཞིན་རྒྱ་ནག་མང་གཙོའི་ཕྱོགས་སུ་བསྐྱོད་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུང་ཐོག་། བཀའ་ཁྲི་མཆོག་གིས་བཀའ་ཤག་གསར་པའི་སྲིད་བྱུས་དང་བོད་ནང་རང་ལུས་མེར་བསྲེག་བཏང་བ་སོགས་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས་རྒྱ་རིགས་ཚོའི་འདྲི་བར་ལན་འདེབས་དང་གསལ་བཤད་གནང་བཞག།