ཀྰ་ཛྰཀ་སྟན་དུ་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ།

རྒྱ་ནག་གཞུང་གིས་ཀྰ་ཛྰཀ་སྟན་གཙོས་པའི་དབུས་ཨེ་ཤི་ཡའི་ཡུལ་གྲུའི་ནང་གི་ས་ཆ་དབང་བསྒྱུར་བྱ་རྒྱུའི་ཉེན་ཁ་ཡོད་རེད་ཅེས་སྐད་འབོད།

2011.05.28

༄༅༎དེ་རིང་ཀྰ་ཛྰཀ་སྟན་མི་དམངས་བརྒྱ་ཕྲག་མང་པོ་ཡུལ་དེའི་གྲོང་ཁྱེར་ཆེ་ཤོས་ཨེལ་མ་ཀྲི་ཟེར་བའི་ནང་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཀྰ་ཛྰཀ་སྟན་གཙོས་པའི་དབུས་ཨེ་ཤི་ཡའི་ཡུལ་གྲུའི་ནང་གི་ས་ཆ་དབང་བསྒྱུར་བྱ་རྒྱུའི་ཉེན་ཁ་ཡོད་ལུགས་དང༌། གཞུང་གིས་ཀྰ་ཛྰཀ་སྟན་ནང་དུ་རང་འབྱུང་གི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་མི་གཏོང་བའི་བཀག་འགོག་བྱ་དགོས་ཞེས་སྐད་འབོད་བྱས་ཡོད་པ་རེད།

ཀྰ་ཛྰཀ་སྟན་ནི་དེ་སྔ་ཨ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནས་རང་བཙན་ཐོབ་པ་ཞིག་ཡིན་ཞིང༌། ཡུལ་གྲུ་དེའི་ནང་དུ་འཛམ་གླིང་གི་རང་འབྱུང་རྡོ་སྣུམ་གྱི་ཐོན་ཁུངས་ཀྱི་བརྒྱ་ཆ་གསུམ་ཡོད་པའི་གཏེར་གྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། དེ་རིང་ངོ་རྒོལ་ལས་འགུལ་ནང་བཞུགས་མཁན་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཅིག་གིས། རྒྱ་ནག་ཕྱོགས་ནས་ཀྰ་ཛྰཀ་སྟན་ནང་རང་འབྱུང་གཏེར་ཁ་བསྔོག་འདོན་བྱེད་པའི་འབྲེལ་ལམ་དེ་ནི་བཙན་རྒྱལ་རིང་ལུགས་ཀྱི་ཐབས་ཇུས་འཛིན་བཞིན་ཡོད་པ་དང༌། དེ་སྔ་ཕྱི་ལོ་༢༠༠༩ ལོར་རྒྱ་ནག་གི་དངུལ་འབུན་ལ་ ཀྰ་ཛྰཀ་སྟན་ ཕྱོགས་ནས་ཨ་རིའི་ཊོ་ལར་ས་ཡ་༡༠ ཡི་རྡོ་སྣུམ་སྐྱིན་ཚབ་འཇལ་རྒྱུའི་མོས་མཐུན་བྱུང་བ་སོགས་རྒྱ་ནག་ཕྱོགས་ནས་ཀ་ཛྰཀ་སྟན་དང་དེ་མིན་གྱི་དེ་སྔ་ཨ་རུ་སུའི་མངའ་འོག་ནས་རང་བཙན་ཐོབ་པའི་དབུས་ཨེ་ཤི་ཡའི་ཡུལ་གྲུའི་ནང་གི་རྡོ་སྣུམ་དང། ལྕགས་ཀྱི་ཐོན་ཁུངས་སོགས་རང་འབྱུང་གཏེར་ཁ་བསྔོག་འདོན་བྱེད་པར་ཨ་རིའི་ཊོ་ལར་

ཐེར་འབུམ་མང་པོའི་མ་རྩ་བཙུགས་ཏེ། རྒྱ་ནག་གི་ཤུགས་རྐྱེན་ཤུགས་ཆེ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོས་ངོ་རྒོལ་བྱེད་མཁན་མི་དམངས་འདུ་འཛོམས་དེའི་ཐོག་ལ། ཀྰ་ཛྰཀ་སྟན་གཙོས་པའི་དབུས་ཨེ་ཤི་ཡའི་ཡུལ་གྲུའི་ནང་དུ་རྡོ་སྣུམ་དང་གཏེར་གྱི་ཚོང་ལས་ཁང་གི་འབྱོར་ལྡན་པ་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱས་པ་བེད་སྤྱོད་བཏང་སྟེ་ཁོང་ཚོའི་ཁེ་ཕན་གྲུབ་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་དམིགས་ཡུལ་གཅིག་ཡོད་པ་ནི། ང་ཚོའི་ས་ཆ་བཙན་འཕྲོག་བྱ་རྒྱུ་དེ་རེད། དེ་ནི་རྒྱ་ནག་གི་ནོར་འཁྲུལ་ཁོ་ན་མ་རེད་གཙོ་བོ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་དཔོན་རིགས་ལྐོག་ཟ་རུལ་སུང་བྱེད་མཁན་ཚོའི་ནོར་འཁྲུལ་རེད་ཅེས་གཏམ་བཤད་སྤེལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎