ཀ་ཛག་སྲིད་འཛིན་དང་རྒྱ་ནག་བདེ་སྲུང་བློན་ཆེན་མཇལ་མོལ།

ཀ་ཛག་སེ་ཐན་གྱིས་སྲིད་འཛིན་དང་རྒྱ་ནག་གི་སྲུང་སྐྱོབ་བླེན་ཆེན་དབར་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་དམག་དོན་སྐོར་གྲོས་བསྡུར་གནང་བ།

2010.05.30

༄༅།།ཀ་ཛག་སེ་ཐན་གྱིས་སྲིད་འཛིན་ནུར་སུལ་ཏན་ན་ཛར་བྭ་ཡེལྦ་གྱིས་གཟིགས་སྐོར་དུ་ཕེབས་པའི་རྒྱ་ནག་གི་སྲུང་སྐྱོབ་བླེན་ཆེན་ལེའང་ ཀོང་ལིའེ་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ལྷག་དོན་དུ་དམག་དོན་སྐོར་གྲོས་བསྡུར་གནང་འདུག༎

ཀ་ཛག་སེ་ཐན་གྱིས་སྲིད་འཛིན་ནུར་སུལ་ཏན་ན་ཛར་བྭ་ཡེལྦ་མཆོག་གིས་ཡུལ་གཉིས་མཛའ་མཐུན་ཅན་གྱི་ཁྱིམ་མཚེས་ཡིན་པ་མ་ཟད་ཆབ་སྲིད་དང་དཔལ་འབྱོར་ ཚོང་དོན་ ནུས་ཤུགས་ སྲུང་སྐྱོབ་བཅས་ཀྱི་ཐད་ཕན་ཚུན་ཡིད་ཆེས་འཕེར་བའི་མཛའ་འབྲེལ་ཟབ་པོ་ཡོད་ལུགས་གསུངས་གནང་འདུག ཁོང་གིས་ཀ་ཛ་གསེ་ཐན་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་གནང་བའི་ཐོག་ནས་རྒྱལ་སྤྱིའི་གདེང་ཆའི་ཐོག་ལངས་ཕྱོགས་གཅིག་སྒྱུར་དང་ ཧྲང་ཧའི་མཉམ་ལས་སྒྲིག་འཛུགས་ཀྱིས་ཁེ་ཕན་ཡང་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་ ལྷག་དོན་དུ་མ་འོངས་པར་ཡུལ་གཉིས་དབར་དམག་དོན་གྱི་འབྲེལ་ལམ་གང་ཡོད་པ་དེ་ད་དུ་ཟབ་ཏུ་གཏོང་དགོས་ལུགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལེའང་ཀོང་ལིའེ་ཡིས་ཡུལ་གཉིས་དབར་གཞུང་འབྲེལ་གསར་གཏོད་བྱས་པ་ནས་བཟུང་འཐབ་ཕྱོགས་གཅིག་སྒྲུར་གྱི་འབྲེལ་ལམ་དམ་པོ་ཡོད་པ་དེ་མཇུག་སྐྱོང་གནང་དགོས་ལུགས་གསུང་ཡོད་འདུག ཁོང་ཀ་ཛག་སེ་ཐན་ནང་མ་ཕེབས་གོང་པ་ཀི་སི་ཐན་དང་ཏུར་མི་ནི་སེ་ཐན་གཉིས་ལ་གཟིགས་སྐོར་གནང་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎