གྲྭ་འཆི་མེད་དཔལ་ལྡན་འདས་གྲོངས་སུ་གྱུར་བ།

ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྤེལ།

2012.04.01

༄༅།།ཟླ་བ་གསུམ་པའི་ཚེས་༣༠ཉིན་ རྔ་པ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༥ཙམ་ལ་རྒྱ་གཞུང་འབྲེལ་མི་སྣས་ཀིརྟི་དགོན་པར་རུས་ཐལ་ཞིག་སྤྲད་དེ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཟིན་པ་བརྗོད་ཡོད་པ་རེད། དེ་རྗེས་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་པ་དང་། བསྟན་པ་དར་རྒྱས་ལགས་ཀྱང་ད་ལྟ་ སྨན་ཁང་དུ་ཡོད་ཀྱང་། མེར་བསྲེགས་ཚབས་ཆེན་ཐེབས་ཡོད་སྟབས་གསོན་ཐབས་ཀྱི་རེ་བ་བྲལ་ཡོད་ལུགས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་སྤེལ་འདུག།  དེཉིན་བོད་ནང་གི་མཚན་མོའི་དུས་ཚོད་ ༩ཙམ་ལ་ས་གནས་གྱི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་སྨན་ཁང་སྒོ་ཁར་འཛོམས་ཏེ། དགེ་འདུན་པ་གཉིས་ཤི་གསོན་གནས་ཚུལ་གང་བྱུང་ཡོད་ཀྱང་ཁོང་གཉིས་ཕྱིར་སྤྲོད་དགོས་པ་དང་། སྨན་ཁང་ནང་དུ་ལྟ་རུ་འགྲོ་དགོས་པའི་རེ་འདུན་བཏོན་ཏེ་ངུ་འབོད་ཞུ་སྐུལ་ཤུགས་ཆེ་བྱེད་སྐབས་མང་ཚོགས་ལ་གཅར་རྡུང་བྱས་ཏེ་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་པོ་ཞིག་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎