རྒྱ་ནག་གི་འབྲི་ཆུ་འགག་གསུམ་ཁུལ་དུ་ས་རུད་ཀྱི་ཉེན་ཁ།

རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཉེ་འཁྲིས་སུ་ས་རུད་ཀྱི་ཉེན་ཁ་ཡོད་སྐོར་རྒྱ་ནག་གི་ཀའེ་ཅིང་ཞེས་པའི་དུས་དེབ་དེས་ཉེན་བརྡ་བཏང་ཡོད་པ་རེད།

2009.11.02

༄༅༎རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཉེ་འཁྲིས་སུ་ས་རུད་ཀྱི་ཉེན་ཁ་ཡོད་སྐོར་རྒྱ་ནག་གི་ཀའེ་ཅིང་ཞེས་པའི་དུས་དེབ་དེས་ཉེན་བརྡ་བཏང་ཡོད་པ་རེད་ དེ་ཡང་དེང་སྐབས་ཀྱི་སྟོན་ཁའི་ནམ་དུས་དེར་རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཆུ་རག་གི་ཆུ་དེ་ཚད་མཐོ་ཤོས་དེར་སླེབས་སྐབས་དེའི་ཉེ་ལྡབས་ཀྱི་སར་ས་རུད་སོགས་པའི་ཉེན་ཁ་ཡོད་སྐོར་གོང་ཞུས་རྒྱ་ནག་གི་དུས་དེབ་དེས་གནས་ཚུལ་བཀོད་ཡོད་པ་རེད་

ཆུ་རག་དེའི་འཕྲུལ་ལས་པ་ཚོས་རག་གི་ཆུ་ཚད་མཐོ་ཤོས་ཕི་ཀྲི་༥༧༤བར་སླེབས་ཆེད་སྔ་ལོ་ཕྱི་ཟླ་དགུ་པ་ནས་ཆུ་དེ་བཀག་ཡོད་པ་རེད་ རྒྱ་ནག་གི་ཀའེ་ཅིང་ཞེས་པའི་དུས་དེབ་དེས་གྲུང་ཆིང་གྲོང་ཁྱེར་གྱི་ཆབ་སྲིད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བཏོན་གནང་བའི་སྙན་ཐོ་ ཞིག་ལུང་འདྲེན་གནང་ནས་མ་འོངས་པའི་ལོ་གསུམ་ནང་འབྲི་ཆུ་འགག་གསུམ་གྱི་ཆུ་རག་གི་ཆུ་ཚོད་དེ་མཐོ་པོར་སླེབས་པའི་ཉེར་ལེན་གྱིས་ས་རུད་དང་ས་ལྡིབས་ཀྱི་ཉེན་ཁ་ཆེན་པོ་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་ ཡང་གོང་ཞུས་དུས་དེབ་དེས་ཆུ་རག་དེའི་ཆུ་ཚད་མཐོ་པོར་སླེབས་པའི་རྐྱེན་གྱིས་དེ་སྔོན་ས་གས་ཡོད་པ་དེ་དག་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད་

རྒྱ་ནག་གི་འབྲི་ཆུ་གཙང་པོའི་སྟེང་རྒྱབ་པའི་ཆུ་རག་དེ་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་ཆུ་རག་དེ་ཆུ་གློག་འདོན་ཆེད་རྒྱབ་པ་ཞིག་ཡིན་པ་རེད་ ཕྱི་ལོ་༡༩༩༤ལོར་འགོ་འཛུགས་བྱས་ནས་རྒྱབ་པའི་ཆུ་རག་དེར་དངུལ་ཨ་རིའི་ཌོ་ལར་འཐེར་འབུམ་༣༧ལྷག་གནས་ཡོད་ཅིང་དེས་མི་མང་ས་ཡ་གཅིག་དང་འབུམ་གསུམ་རང་གི་སྡོད་གནས་ནས་གནས་སྤོ་བྱེད་དགོས་བཟོས་ཡོད་པ་རེད་ ཡང་དེ་སྔོན་གནས་ཚུལ་ནང་ཐོན་གསལ་ལ་གཞིགས་ན་ཆུ་རག་དེ་རྒྱ་ནག་གི་སྲིད་བློན་ཟུར་པ་ལི་སྤང་གིས་འདོད་པ་བཞིན་རང་ཉིད་སྒེར་གྱི་འཆར་གཞི་ཞིག་ལ་ངོས་འཛིན་ཐོབ་པར་ཁོང་ལ་སྐྱོན་བརྗོད་ཤུགས་ཆེ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎