ལྷ་སའི་ནང་གང་བྱུང་གི་ཡིག་ཆ་དཔར་བཤུས་རྒྱབ་རྒྱུར་དམ་བསྒྲཌ།

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གང་བྱུང་གི་ཡིག་ཆ་དང་དཔར་རིས་སོགས་དཔར་བཤུས་རྒྱབ་རྒྱུར་འགོག་ཐབས་ཀྱི་དམ་བསྒྲགས།

2010.05.19

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གང་བྱུང་གི་ཡིག་ཆ་དང་དཔར་རིས་སོགས་དཔར་བཤུས་རྒྱབ་རྒྱུར་འགོག་ཐབས་ཀྱི་དམ་བསྒྲགས་སྲིད་བྱུས་གཏན་འབེབས་བྱེད་འཆར་ཡོད་འདུག

རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་རྒྱུར་འགོག་ཐབས་ཟེར་བའི་མིང་བཏགས་ཏེ་ལྷ་སའི་ནང་ཡིག་པར་དང་དཔར་བཤུས་ལས་རིག་ཐོག་དོ་དམ་བྱ་རྒྱུའི་སྲིད་བྱུས་འཛིན་རྒྱུ་ཡིན་ཞིང་  དོ་དམ་བྱེད་ཕྱོགས་ནི་ཡིག་པར་དང་ དཔར་གློག་གི་ལས་རིག་གཉེར་མཁན་ཚོར་ཞིབ་བཤེར་དང་ དེ་བཞིན་དཔར་བཤུས་རྒྱབ་མཁན་གྱི་མིང་དང་དཔར་བཤུས་རྒྱབ་ཡས་ཀྱི་ཡིག་ཆའི་ནང་དོན་སོགས་ཐོ་འགོད་བྱ་དགོས་པ་གཏན་འབེབས་གསར་པ་བཟོས་ཡོད་པ་རེད་

ལྷ་ས་དགོང་དྲོའི་ཚགས་ཤོག་ཐོག་གནས་ཚུལ་བཀོད་པའི་ནང་ ཐབས་ལམ་དེ་ལྟར་འཛིན་དགོས་དོན་ནི་ཁྲིམས་འགལ་བ་ཚོས་ཡིག་པར་དང་དཔར་བཤུས་བེད་སྤྱོད་བྱས་ནས་ཁྲིམས་འགལ་ལས་འགུལ་སྤེལ་རྒྱུར་སྔོན་འགོག་བྱེད་རྒྱུའི་ཆེད་དུ་ཡིན་ལུགས་བཀོད་ཡོད་ཅིང་ གཏན་འབེབས་སྲིད་བྱུས་གསར་པ་དེའི་འོག་ས་གནས་ཀྱི་འབྲེལ་ཡོད་ལས་ཁང་གི་ཆོག་མཆན་ཡིག་ཆ་དང་ས་གནས་དེའི་ནང་གནས་སྡོད་བྱེད་ཆོག་པའི་ལག་འཁྱེར་ཡོད་ཚེ་དཔར་བཤུས་ལས་རིག་གཉེར་ཆོག་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎