ཨ་རིའི་སྲིད་འཛིན་མཆོག་ལ་སྐུ་ཞབས་མེ་ཀེན་ནས་སློབ་སྟོན་ཕུལ།

ཨ་རིའི་སྲིད་འཛིན་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་ཁ་གཏད་གཅོག་རྒྱུའི་རྣམ་འགྱུར་མཚོན་པའི་བཀའ་མོལ་རིགས་སྤོང་གནང་དགོས་པའི་རེ་འདུན་ཞུས་འདུག

2008.08.03

༄༅༎ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་ ཇོན་མེ་ཀེན་ གྱིས་ཁ་ས་ལྦ་ཤིང་ཊོན་གྱི་ཕོ་ཉ་ཞེས་པའི་ཨ་མི་རི་ཀའི་རྒྱལ་སའི་ནང་གི་གསར་ཤོག་ཐོག་ལ་གསར་འགོད་པའི་འདྲི་བར་བཀའ་ལན་གནང་སྐབས་ རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ཐད་ ཁོང་ལ་བློ་ཕམ་བྱུང་ཡོད་པ་དང་ རྒྱ་ནག་གཞུང་གི་ཆབ་སྲིད་དང་ལྟ་བ་ཐ་དད་འཛིན་མཁན་ རྒྱ་ནག་གི་མི་མང་ཚོའི་ཐོག་ལའང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ཁོང་གིས་སྐྱོན་བརྗོད་གནང་གི་ཡོད་ཀྱང་ ཨ་མི་རི་ཀའི་སྲིད་འཛིན་ཇོཇེ་སྦུཤེ་མཆོག་གིས་བདུན་ཕྲག་འདིའི་ནང་ཨོ་ལིམ་པིག་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོར་རྒྱ་ནག་ཏུ་ཕེབས་སྐབས་ རྒྱ་ནག་གི་འགོ་ཁྲིད་ཚོར་དགྲ་ཡར་འཛིན་ཏེ་ཁ་གཏད་གཅོག་རྒྱུའི་རྣམ་འགྱུར་མཚོན་པའི་བཀའ་མོལ་རིགས་གནང་རྒྱུ་སྤོང་གནང་དགོས་ དེ་ལས་ལྡོག་སྟེ་རྒྱ་ནག་ཕྱོགས་སུ་ཁ་གཏད་གདོང་ལེན་བྱ་རྒྱུའི་རྣམ་པ་མཚོན་པའི་ཆབ་སྲིད་ཀྱི་གཏམ་བརྗོད་གླེང་གནང་བ་ཡིན་ན་ རྒྱ་ནག་ལྷན་དུ་མ་འོངས་པར་མཉམ་མཐུན་བྱ་རྒྱུའི་རེ་བར་གནོད་སྲིད་པ་རེད་ཅེས་ཉེན་བརྡའི་ཚུལ་དུ་སློབ་སྟོན་ཕུལ་ཡོད་པ་རེད་ བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བཞིན་པ་ལྟར་ ཨ་མི་རི་ཀའི་གཞུང་གིས་ཀྱང་ བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་ཞུ་གི་ཡོད་ ཡིན་ནའང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་ གདུག་རྩུབ་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་ སྲིད་འཛིན་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་སྐུལ་འདེད་གནང་བའི་རེ་བ་གནང་གི་ཡོད་ཅེས་གསར་འགོད་པར་གསུངས་ཡོད་པ་རེད་ ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་ཇོན་མེ་ཀེན་ནི་རྒྱ་ནག་ལས་ཨུ་རུ་སུར་སྡང་ཟུག་དང་ འཁོན་འཛིན་ཆེ་བ་གནང་མཁན་ཞིག་ཡིན་པ་རེད་ དཔེར་ན་ ཁ་སྔོན་སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ འཛམ་གླིང་གི་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ ཨུ་རུ་སུའི་གཞུང་གིས་འཛིན་པའི་སྲིད་བྱུས་ནང་བཞིན་ རྒྱ་ནག་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་ཀྱང་ བློ་ཕམ་འོས་པ་ཞིག་ཡིན་རུང་ ཨུ་རུ་སུ་དང་བསྡུར་བ་ཡིན་ན་ མ་འོངས་པར་ རྒྱ་ནག་མཉམ་དུ་ལས་དོན་བརྩམ་རྒྱུར་གོ་སྐབས་བཟང་བ་ཡོད་པ་ཇོན་མེ་ཀེན་གྱིས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎