མེཀ་སི་ཀོའི་མིར་ནད་ཡམས་བརྟག་དཔྱད་ཆེད་ལོགས་སུ་བཞག་པ།
2009.05.04
༄༅༎ཨེཇ་༡ཨེན་༡ཟེར་བའི་ནད་རིམས་ཕོག་པའི་མེཀ་སི་ཀོའི་མི་སེར་ཞིག་གནམ་གྲུ་བརྒྱུད་ནས་མེཀ་སི་ཀོ་ནས་རྒྱ་ནག་ཧྲང་ཧད་དང་དེ་རྗེས་ཧོང་ཀོང་ནང་བསྐྱོད་ནས་མི་དེར་ནད་རིམས་དེ་རིགས་ཕོག་ཡོད་པ་ཧོང་ཀོང་གནམ་ཐང་ནས་ཤེས་རྟོགས་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་རིམས་ནད་ཕོག་པའི་མི་དེ་དང་མཉམ་དུ་གནམ་གྲུ་གཅིག་ནང་ཡོང་མཁན་གྱི་འགྲུལ་པ་ཡོངས་རྫོགས་ལོགས་སུ་བཞག་ནས་བརྟག་དཔྱད་བྱས་ཡོད་པའི་ཁར་རྒྱ་ནག་ནང་ཡོད་པའི་མེཀ་སི་ཀོའི་མི་སེར་བདུན་ཅུ་ལྷག་ཙམ་ནད་ཡམས་འགོས་ཡོད་མིན་ལ་མ་ལྟོས་པར་སྨན་ཁང་དུ་ལོགས་སུ་བཞག་ནས་བརྟག་དཔྱད་བྱེད་བཞིན་ཡོད་པར་བརྟེན་ནས་མེཀ་སི་ཀོའི་ཕྱི་སྲིད་ལས་ཁང་གིས་གཟའ་ཟླ་བའི་ཉིན་མེཀ་སི་ཀོའི་གཞུང་གིས་གནམ་གྲུ་བཏང་ནས་རྒྱ་ནག་ནང་ཡོད་པའི་མེཀ་སི་ཀོའི་མི་སེར་ཚོ་རང་ཡུལ་དུ་ཕྱིར་ལེན་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། མེཀ་སི་ཀོའི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་མེཀ་སི་ཀོའི་མི་སེར་ནད་རིམས་ཕོག་མེད་པ་ཚོ་ཡང་ལོགས་སུ་བཞག་ནས་བརྟག་དཔྱད་བྱེད་ཡས་ཀྱི་བྱ་སྤྱོད་དེ་ནི་མཐོང་ཆུང་བྱས་པ་ཞིག་ཡིན་པའི་བསྐྱོན་བརྗོད་གནང་བ་དང་སྦྲགས་མེཀ་སི་ཀོའི་མི་སེར་ཚོར་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་འགྱུར་ལྡོག་མ་བཏང་བར་རྒྱ་ནག་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུ་མཚམས་འཇོག་དགོས་པའི་དྲན་སྐུལ་གནང་ཡོད་པ་རེད།