པེ་ཅིང་ནང་དམག་གི་མོ་ཊ་རུ་སྒྲིག་འཁྲབ་སྦྱོང༌།

རྒྱ་ནག་ནང་གུང་བྲན་ཏང་དབུ་བརྙེས་པའི་དུས་དྲན་སྲུང་བརྩིའི་སྔ་རོལ་དུ་པེ་ཅིང་ནང་དམག་མིའི་མོ་ཊ་བརྒྱ་ཕྲག་མང་པོས་རུ་སྒྲིག་འཁྲབ་སྦྱོང་།

2009.09.06

༄༅༎རྒྱ་ནག་ནང་གུང་བྲན་ཏང་དབུ་བརྙེས་ནས་ལོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་སྔ་རོལ་དུ་པེ་ཅིང་ནང་སྲུང་སྐྱོབ་ཆེད་ཐང་གི་རི་དང་མེ་ཤུགས་འཕུར་མདེལ་ཐོགས་པའི་དམག་མིའི་མོ་ཊ་བརྒྱ་ཕྲག་མང་པོས་རུ་སྒྲིག་འཁྲབ་སྦྱོང་བྱས་ཡོད་འདུག

པེ་ཅིང་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལ་རེས་གཟའ་ཉི་མའི་ཉིན་གོང་ཞུས་དམག་མིའི་མོ་ཊ་བརྒྱ་ཕྲག་མང་པོ་པེ་ཅིང་གི་ཁྲོམ་གཞུང་ལྟེ་བ་དང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དང་ཉེ་བའི་ཁྲང་ཀེན་ཇི་སྲང་ལམ་ཐོག་རུ་སྒྲིག་གིས་སྦྱོང་བརྡར་བྱས་འདུག ལོ་དྲུག་བཅུའི་གོང་ཕྱི་ལོ་༡༩༤༩ལོར་རྒྱ་ནག་གི་གསར་བརྗེའི་དབུ་ཁྲིད་མའོ་ཙེ་ཏུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གྲང་བྲན་ཏང་ངམ་དམར་ཤོག་རིང་ལུགས་དབུ་བརྙེས་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད། ད་ཆ་རྒྱ་ནག་དམར་པོའི་རྒྱལ་ཁབ་ཆགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་འཁྲབ་སྟོན་གྱི་སྟ་གོན་རེས་གཟའ་ཉི་མའི་སྔ་དྲོ་ནས་མཚན་གུང་བར་བྱེད་རྩིས་ཡོད་འདུག འདི་ལོའི་དམག་དོན་གྱི་འགྲེམས་སྟོན་ནང་ད་བར་མཐོང་མྱོང་མེད་པའི་མེ་ཤུགས་འཕུར་མདེལ་སྣ་ཚོགས་འགྲེམས་སྟོན་བྱེད་རྒྱུ་ཡིན་འདུག རྒྱ་ནག་གཞུང་གི་འདས་པའི་བདུན་ཕྲག་ཁ་ཤས་ནང་སྲུང་སྐྱོབ་ཀྱི་ལས་དོན་དམིགས་བསལ་དོ་སྣང་བྱེད་བཞིན་པ་རེད། འདི་ལོ་ཕྱི་ཟླ་བདུན་པའི་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་ས་གནས་ཀྱི་ཡུ་གུར་ཁ་ཆེའི་མི་རིགས་ཚོ་རྒྱ་གཞུང་ལ་གྱེན་ལོག་གི་ལས་འགུལ་སྤེལ་བ་དང་སྔ་ལོ་བོད་ནང་ལའང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་དོན་རྐྱེན་བྱུང་བའི་ཉེར་ལེན་དུ་རྒྱལ་ཁབ་ཁྱོན་ཡོངས་སུ་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་ཆེ་རུ་གཏོང་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎