བལ་གཞུང་ནས་བལ་བོད་ས་མཚམས་ཉེན་རྟོག་འགྲེམས་འཇོག

བལ་པོའི་གཞུང་གིས་བོད་དང་ས་མཚམས་འཁེལ་ཡུལ་གྱི་བལ་ཡུལ་བྱང་ཕྱོགས་ཁུལ་དུ་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི།

2009.10.04

༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཉིན་བལ་ཡུལ་དུ་བཙན་བྱོལ་བོད་མི་ཚོས་དུས་དྲན་དེ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་བརྒྱད་བཅུ་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་བའི་རྗེས་ད་ཆ་བལ་པོའི་གཞུང་གིས་བོད་དང་ས་མཚམས་འཁེལ་ཡུལ་གྱི་བལ་ཡུལ་བྱང་ཕྱོགས་ཁུལ་དུ་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

བལ་པོའི་ནང་སྲིད་བློན་ཆེན་གྱིས་བལ་པོའི་ཉིན་རེའི་གསར་ཤོག་ཅིག་གི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བའི་གནས་ཚུལ་ཞིག་དེ་རིང་རེས་གཟའ་ཉི་མའི་ཉིན་འགྲེམས་སྤེལ་བྱས་པའི་ནང་བལ་པོའི་གཞུང་གིས་བོད་དང་ས་འབྲེལ་འཁེལ་ཡུལ་གྱི་བལ་པོའི་ས་མཚམས་ས་ཁུལ་ནང་དུ་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་དེ་ནི་བལ་ཡུལ་ཕྱོགས་ནས་ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་ལ་སྲུང་སྐྱོབ་ཀྱི་འགན་ལེན་སྐྲུན་ཐབས་བྱེད་་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་དང་ཡིན་ནའང་ཁོང་གིས་འཆར་གཞི་དེ་ནི་རྒྱ་ནག་ཕྱོགས་ནས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པར་བརྟེན་ནས་ཐག་གཅོད་བྱུང་བ་ཞིག་ཡིན་པ་ངོས་ལེན་བྱས་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎