དྲག་གནོན་བྱེད་མཁན་དང་འབྲེལ་བ་བྱ་རྒྱུ་མེད་པའི་ལས་འགུལ།

དཀར་མཛེས་ཁུལ་དུ་བོད་མིའི་ཐོག་དྲག་གནོན་བྱེད་བོད་མི་ལས་བྱེད་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་མེད་པའི་ལས་འགུལ་སྤེལ་བཞིན་པ།

2013.01.12

༄༅༎བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་ཡོད་པའི་དགོན་སྡེ་ཁག་གིས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོའི་ཐོག་དམ་དྲག་དང་དྲག་གནོན་བྱེད་མཁན་བོད་མི་ལས་བྱེད་པ་དང༌། དེ་དག་གི་ནང་མི་ཚོ་དང་མཉམ་དུ་ཆོས་ཕྱོགས་ཀྱི་འབྲེལ་བ་བྱ་རྒྱུ་མེད་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག  
དེ་ཡང་འདས་པའི་ལོ་ཤས་ནས་བཟུང་དཀར་མཛེས་ཁུལ་གྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཐེངས་མང་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་ཁུལ་དེར་ཉེན་རྟོག་པ་དང་ དྲག་ཆས་དཔུང་དམག་ཕོན་ཆེ་འགྲེམ་འཇོག་བྱས་ཡོད་པ་མ་ཟད། བོད་མི་སྐབས་འཚོལ་བ་མང་དག་ཅིག་གསོ་སྐྱོང་བྱས་ཏེ། ངོ་རྒོལ་བ་ཚོའི་ཐོག་བལྟ་སྲུང་དང༌། དྲག་གནོན་བྱེད་དུ་བཅུག་གི་ཡོད་པར་བརྟེན། ད་ཆ་དཀར་མཛེས་ནང་ཡོད་པའི་བོད་པའི་དགོན་སྡེ་ཁག་གིས། རྒྱ་ནག་གཞུང་གིས་གསོ་སྐྱོང་འོག བོད་མི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱེད་མཁན་དེ་དག་དང་མཉམ་དུ་ཆོས་ཕྱོགས་ཀྱི་འབྲེལ་བ་བྱ་རྒྱུ་མེད་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།  འདི་གའི་ཨོས་ཀྲོརོ་ལི་ཡའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་འདི་ལྟར་འགྲེལ་བརྗོད་གནང་འདུག།

གསར་འགྱུར་ལ་གསན་རོགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎