རྒྱ་ཁོངས་སོག་པོའི་མི་རིགས་ཚོའི་གནད་དོན་གྱིས་སེམས་འཚབ།

རྒྱ་ཁོངས་སོག་པོའི་མི་རིགས་ཚོའི་གནད་དོན་ཐད་འཛམ་གླིང་ནང་དོ་སྣང་དང་གླེང་སློང་ཡོང་གི་མེད་པའི་སེམས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་འདུག

2008.10.22

༄༅༎རྒྱ་ཁོངས་སུ་ཡོད་པའི་སོག་པོའི་མི་རིགས་ཚོའི་གནད་དོན་ཐད་འཛམ་གླིང་ནང་དོ་སྣང་དང་གླེང་སློང་ཡོང་གི་མེད་པའི་སེམས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

རོའུ་ཀྲར་གསར་འགྱུར་ལས་ཁང་ནས་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་མང་གཙོ་དོན་གཉེར་བ་སོག་པོའི་མི་རིགས་ཧ་དྲ་ཞེས་པའི་བཟའ་ཟླ་ཤི་ནར་འདྲི་བརྩད་བྱས་པའི་སྐབས་ཁོ་མོའི་བཟའ་ཟླ་སྡོད་ཡུལ་ནས་ཆུ་ཚོད་ཉི་ཤུ་རྩ་བཞི་ཙམ་གྱི་ས་ཆར་བཙོན་ཁང་ནང་བཅུག་ཡོད་སྟབས་ལོ་རེར་ཐེངས་གཉིས་རེ་ཐུགས་འཕྲད་འགྲོ་ཐུབ་ཀྱི་མེད་པ་དང་ཁ་པར་གཏོང་ཡུལ་དང་ཐ་ན་བཙོན་ཁང་ནང་ཀློག་རྒྱུའི་དེབ་ཀྱི་རིགས་ཀྱང་བསྐུར་ཆོག་གི་མེད་པ་སོགས་ཀྱི་འབྲེལ་གཏུགས་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ལུགས་དང་ལྷག་པར་དུ་གཟུགས་ཁམས་བདེ་མིན་རྐྱེན་པས་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་ཁར་ནད་གཞིའི་སྐོར་གསང་རྒྱ་བྱས་ནས་ཤོད་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་ཁོ་མོས་སྤྱི་ཡོངས་ནས་ང་ཚོ་སོག་པོའི་མི་རིགས་ཚོ་རྒྱ་ནག་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་རྒན་རབས་ཚོ་དེ་སྔ་སོ་སོའི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་བྱེད་པའི་སྐབས་མཐོང་ཆུང་ཁྱད་གསོས་ཕོག་པའི་མྱོང་ཚོར་ཡོད་པར་བརྟེན་རང་ཉིད་ཀྱིི་ཕྲུ་གུ་ཚོར་ཡང་རྒྱ་སྐད་སློབ་རྒྱུར་དོ་དབྱིངས་ཆེ་བ་ཆགས་ནས་ད་ཆ་སོ་སོའི་སྐད་དང་རིག་གཞུང་ཉམས་རྒུད་འགྲོ་གྱུའི་ཉེན་ཁ་ཡོད་པ་དང་ལྷག་པར་དུ་དེང་སང་རྒྱ་ནག་ནང་དཔལ་འབྱོར་གྱི་འཁྲུགས་ཆ་དོད་པའི་གནས་སྟངས་འདི་འདྲའི་འོག་ད་དུང་ཁོར་ཡུག་དང་བསྟུན་ནས་རྒྱ་སྐད་ཐོག་དེ་བས་དོ་སྣང་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་སེམས་འཚབ་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཁོ་མོའི་བཟའ་ཟླ་ཧ་དྲ་ནི་དེ་སྔ་ཕྱི་ལོ་༡༩༩༥ལོར་སོག་པོ་མང་གཙོ་མནའ་འབྲེལ་ཚོགས་པ་ཞེས་གསར་བཙུགས་བྱེདམཁན་ཡིན་པ་དང་ཁོ་པས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བར་བརྟེན་འཛིན་བཟུང་གིས་ལོ་བཅོ་ལྔའི་བཙོན་བཅུག་ཉེས་ཆད་བཏང་ནས་ད་ཆ་སྨན་ཁང་ནང་ཡོད་པ་རེད།

རྒྱ་ནག་ཁོངས་གཏོགས་མི་རིགས་འདྲ་མིན་མང་པོ་ཞིག་ཡོད་པ་དེ་དག་གི་ཁོངས་ནས་བོད་ནང་གནས་ཚུལ་བྱུང་བའི་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དྲིལ་བསྒྲས་དང་དོ་སྣང་ཆེན་པོ་ཡོང་གི་ཡོད་པ་དང་དེ་བཞིན་ཤིན་ཅང་ཁུལ་གྱི་གནད་དོན་ལའང་དོ་སྣང་ཡོང་གི་ཡོད་རེད། ཡིན་ནའང་ཕྱི་སོག་གི་གནད་དོན་ཐོག་འཛམ་གླིང་ནས་དོ་སྣང་བརླགས་པ་ལྟབུ་འགྱུར་གྱི་ཡོད་ལུགས་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎