བོད་མི་དགེ་འདུན་པ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

བོད་མི་དགེ་འདུན་པ་ཞིག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་རྒྱར་བྱས་ཚུལ་གྱི་ཉེས་བཙུགས་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

2009.04.04

༄༅༎བོད་མི་དགེ་འདུན་པ་ཞིག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་རྒྱར་བྱས་ཚུལ་གྱི་ཉེས་བཙུགས་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་མདོ་སྨད་རྨ་ཆུ་ཁུལ་གྱི་ནུར་མ་དགོན་པའི་གྲྭ་བ་དགུང་གྲངས་སུམ་ཅུ་སོ་དྲུག་ལ་ཕེབས་པ་ཐོག་བསམ་ལགས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་རྒྱར་བྱས་པའི་ཉེས་བཙུགས་འོག་མདོ་སྨད་སླ་རང་བཀྲིས་ཁྱིམ་ཁུལ་ནས་སང་སུ་ས་གནས་རྒྱ་ནག་གསང་བའི་ལས་ཁང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་གནས་ཚུལ་ནང་འཁོད་པར་གཞིགས་ན་སྐུ་ཞབས་ཐོག་བསམ་ལགས་ཀྱིས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དང་དེ་བཞིན་རྒྱ་ནག་ཉེན་རྟོག་པས་བོད་མི་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་བྱས་ནས་བོད་མི་ཚོར་ཉེས་རྡུང་མནར་གཅོད་ཚོད་མེད་གཏོང་བཞིན་པའི་དཔར་སོགས་བཙན་བྱོལ་ནང་ཕྱིར་རྒྱར་བྱས་པའི་ཉེས་བཙུགས་བྱེད་ཀྱི་ཡོད་འདུག

ཡིན་ནའི་ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་ཏེ་ས་ཆ་ག་པར་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཤེས་རྟོག་གསལ་པོ་གང་ཡང་མེད་ཅིང་རྒྱ་ནག་གཞུང་གིས་ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་ནས་རྒྱ་ནག་གཞུང་ཕྱོགས་ཀྱིས་དྲག་གནོན་བྱས་པའི་རྗེས་བོད་ས་ཡོངས་སུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་འོག་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱི་ཕྱོགས་ནས་ཤེས་རྟོག་ཡོང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎