རྡ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད།
2011.04.27
༄༅༎བོད་ཀྱི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་ཉེ་ཆར་ནས་བཟུང་རྒྱ་ནག་གཞུང་ནས་དམ་བསྒྲཌ་ཇེ་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པའི་གནས་སྟངས་འོག་བོད་མི་ཚོ་སྡུག་སྦྱོང་ཚད་མེད་མྱོང་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བཙན་བྱོལ་ནང་རྟེན་གཞི་བྱེད་པའི་ཀིརྟི་བྱེས་པ་གྲ་ཚང་གི་དགེ་འདུན་པ་བརྒྱ་བསྐོར་ཞིག་ད་རིང་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་འགོ་བཙུགས་གནང་འདུག ལས་འགུལ་འདིའི་ཐོག་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིར་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། འབྲེལ་དམ་བསྒྲཌབྱེད་རྒྱུ་མཚམས་འཇོག་དང་། ཆབ་སྲིད་བཙོན་པ་གློད་བཀྲོལ་ཡོང་ཐབས་ཀྱི་འབོད་སྐུལ་ཞུས་གནང་ཡོད་འདུག བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོམ་བགྲོད་པ་ཚོར་ལུས་ངག་ཡིད་གསུམ་འཚེ་མེད་ཞི་བའི་ལྟ་སྤྱོད་དང་མཐུན་པ་ཞིག་བྱུང་ན། གོམ་པ་གཅིག་སྤོས་ཀྱང་རླབས་ཆེན་དུ་འགྱུར་རྒྱུར་ཕན་གྱི་རེད་ཅེས་བཀའ་སློབ་སྩལ་གནང་ཡོད་འདུག