འདི་ལོའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྲུང་བརྩི་བྱས་སྐོར།

རྒྱ་མིའི་ལོ་གསར་ཚེས་གཅིག་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམངས་ཁྲོད་དུ་ལོ་གསར་པའི་དགའ་སྟོན་གྱི་རྣམ་པ་དེ་ཙམ་མཐོང་རྒྱུ་མེད་པ་རེད།

2009.01.26

༄༅༎རྒྱ་ནག་གི་དམངས་ཁྲོད་དུ་ད་ལོའི་རྒྱ་མིའི་ལོ་གསར་ཉིན་ལོ་གསར་པའི་དགའ་སྟོན་གྱི་རྣམ་པ་དེ་ཙམ་མཐོང་རྒྱུ་མེད་པ་རེད། དེ་ཡང་གཟའ་ཟླ་བའི་ཉིན་མོ་དེ་ནི་རྒྱ་མིའི་ལོ་གསར་ཚེས་གཅིག་ཡིན་པ་དང་དེའི་ཉིན་རྒྱ་ནག་གཞུང་གིས་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་སྣ་ཚོགས་སྤེལ་ཡོད་ཅིང་ཡིན་ནའི་མང་ཚོགས་ཁྲོད་ལོ་གསར་པའི་རྣམ་པ་དེ་ཙམ་ཤུགས་ཆེན་པོ་མཐོང་རྒྱུ་མེད་པ་རེད། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ལོ་གསར་ཤར་བའི་དུས་ཚོད་གཟའ་ཉི་མའི་དགོང་དྲོའི་ཚོུད་བཅུ་གཉིས་པའི་ཐོག་མཁའ་དབྱིངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་སྣ་ཚོག་སམཐོང་རྒྱུ་ཡོད་པ་དེས་ལོ་གསར་པའི་རྣམ་པ་ཞིག་མཚོན་ཐུབ་པ་མ་གཏོགས་དེ་མིན་རྣམ་ཀུན་འབྲེལ་འཚུབ་དང་མི་ཚོགས་མང་བའི་རི་ལིའི་བབས་ཚུགས་དང་ས་འོག་འགྲུལ་བསྐྱེལ་བབས་ཚུགས་སོགས་ལ་ལོ་གསར་གྱི་རྣམ་པ་གང་ཡང་མཐོང་ཡས་མེད་ཅིང་རྒྱུན་དུ་འབྲེལ་འཚུབ་ཆེ་བའི་པེ་ཅིང་གྲོང་ཁྱེར་གྱི་ལམ་ཆེན་ཐོག་ལ་ཡང་མོ་ཊ་རེ་ཟུང་མ་གཏོགས་མཐོང་རྒྱུ་མེད་པ་རེད། དེ་ནི་གཙོ་བོ་པེ་ཅིང་གྲོང་ཁྱེར་ནང་ས་གནས་གཞན་ནས་ཡོང་བའི་མི་ཧ་ཅང་མང་པོ་ཡོད་པར་རྣམས་ལོ་གསར་རིང་ཕྱི་མི་རྣམས་རང་སོ་སོའི་ཡུལ་དུ་ལོ་གསར་གཏོང་བར་བསྐྱོད་པར་བརྟེན་ནས་པེ་ཅིང་གྲོང་ཁྱེར་དེ་སྟོང་པ་ལྟ་བུར་གྱུར་ཡོད་པ་རེད། ཡིན་ནའི་པེ་ཅིང་གྲོང་ཁྱེར་ནང་ལས་ཀ་བྱེད་མཁན་གྱི་ས་གནས་གཞན་གྱི་མི་སྣ་མང་པོའི་ལས་ཀ་ནི་གནས་སྐབས་ཀྱི་ལས་ཀ་ཡིན་པར་བརྟེན་ནས་ཁོང་ཚོའི་ལས་ཀ་མ་འོངས་ཤོར་སྲིད་པར་སེམས་ཁྲལ་ཡོད་ཅིང་དཔེར་ན་རང་ལོ་ཉི་ཤུ་རྩ་གཉིས་ལ་སླེབས་པའི་ལས་མི་ལྦང་ཅུ་ཟེར་བ་ནི་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ནས་པེ་ཅིང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་ཁོ་མོས་བརྗོད་པར་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་དེས་ཁོ་མོའི་འཚོ་བོར་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་ཚོར་སྣང་དེ་བརྗེད་ཐབས་མེད་པ་ཞིག་ཡིན་པ་བརྗོད་འདུག དེ་མིན་སློབ་གྲྭ་ཆེན་མོ་ཁག་ནང་བསྐྱོད་བཞིན་པའི་སློབ་ཕྲུག་ཚོར་ཡང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེས་ཁོང་ཚོའི་འཚོ་བར་ཡང་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་སེམས་འཚབ་བྱེད་ཀྱི་ཡོད་པ་གནས་ཚུལ་ནང་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎