རྒྱ་ནག་གི་སློབ་གྲྭའི་ནང་ཕག་པའི་རིམས་ནད་ཐོན་པ།

རྒྱ་ནག་གི་ལྷོ་ནུབ་ཀྲོང་ཆིང་གི་སློབ་གྲྭ་ཁག་གསུམ་ནང་ཕག་པའི་རིམས་ནད་ཀྱི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཉི་ཤུ་རྩ་བདུན་བྱུང་འདུག

2009.09.06

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཤིན་ཧ་གསར་ཤོག་ཐོག་ལ་རྒྱ་ནག་གི་ལྷོ་ནུབ་ཀྲོང་ཆིང་གི་སློབ་གྲྭ་ཁག་གསུམ་ནང་དུ་དེ་རིང་སྔ་དྲོའི་ཚོུད་དགུ་པའི་བར་ཏུ་H1N1ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཉི་ཤུ་རྩ་བདུན་བྱུང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ཀྲོང་ཆིང་ས་གནས་འཕྲོད་བསྟེན་དཔོན་རིགས་ནས་གསུངས་ན་H1N1འགོས་ནད་དེ་ནི་འགོས་ཁྱབ་ཟིན་པའི་ནད་པ་ཉི་ཤུ་རྩ་བདུན་ནང་ནས་ནད་པ་བཅོ་ལྔ་ནི་ལྷོ་ནུབ་ཕེང་དྲུ་མཐོ་རིམ་སློབ་གྲྭ་ཡིན་པ་དང་དེ་ནས་དགུ་ནི་ཏ་ཛུ་ས་གནས་ཀྱི་ཤི་ཁྲན་དམའ་རིམ་སློབ་གྲྭ་དང་དེ་འཕྲོས་ཀྱི་ནད་པ་གསུམ་ཀྲོང་ཤན་ས་གནས་ཀྱི་ཤིན་ལི་དམའ་རིམ་སློབ་གྲྭ་བཅས་གསུམ་ཡིན་པ་བཤད་ཡོད་ཅིང་ནད་གཞི་ཛ་དྲག་པོ་མེད་པ་དང་ད་ལྟའི་ཆར་ནད་པ་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་མེད་པ་བཤད་ཡོད་པ་རེད། ད་ལྟའི་ཆར་ཤི་ཁྲན་དམའ་རིམ་སློབ་གྲྭ་སྒོ་རྒྱབ་པ་དང་ཞི་ལིང་དམའ་རིམ་སློབ་གྲྭའི་ནང་གི་ནད་པ་ཐོན་ཡུལ་གྱི་འཛིན་གྲྭ་རྣམས་གནས་སྐབས་སློབ་ཁྲིད་མཚམས་འཇོག་བྱས་པ་དང་མཐོ་རིམ་སློབ་གྲྭ་དེའི་ནང་གི་ནད་པ་རྣམས་ཟུར་ཏུ་བལྟ་རྟོགས་འོག་བཞག་ཡོད་ཅིང་ད་དུང་དེ་རིང་བར་དུ་རྒྱ་ནག་གི་བྱང་ཕྱོགས་ཧེ་སྦེ་ཞིང་ཆེན་གྱི་ལང་ཕང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་ཁག་བཞིའི་ནང་མི་དྲུག་ཅུ་རེ་བདུན་གྱིས་H1N1ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་དང་འབྲེལ་གཏུགས་བྱུང་ཡོད་པ་ཤེས་རྟོགས་བྱུང་བ་བཤད་ཡོད་པ་རེད། H1N1ཟེར་བའི་འགོད་ནད་དེ་ནི་ད་དུང་རྒྱ་ནག་གི་ས་ཁུལ་གཞན་དག་གི་སློབ་གྲྭ་ཁག་ནང་འགོས་ཁྱབ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་དེ་ནི་རྒྱ་ནག་གི་ཧེ་ནན་དང་ཟི་ཁྲོན་ ཧྲན་ཤི་ ཧྲན་ཏུང་ ཧུ་ནན་ ཅང་སུ་ཞིང་ཆེན་དང་ད་དུང་ཀུང་ཤི་ཀྲུང་རང་སྐྱོང་ས་ཁུལ་སོགས་ཡིན་ཞིང་རེས་གཟའ་པ་སངས་ཉིན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ནང་དུ་འགོད་ནད་དེ་འགོས་ཁྱབ་ཟིན་པའི་ནད་པ་ནི་བཞི་སྟོང་ལྔ་བརྒྱ་ཙམ་བྱུང་ཡོད་པ་དང་དེའི་ནང་ནས་ནད་པ་གསུམ་སྟོང་ལྷག་དྲག་སྐྱེས་བྱུང་སྟེ་རྒྱ་ནག་ནང་འགོས་ནད་དེ་རྐྱེན་པས་ནད་པ་འདས་གྲོངས་ཕྱིན་པ་བྱུང་མེད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎