བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ར་བའི་སྐོར་གྱི་འགྲེམས་སྟོན།

རྒྱ་ནག་ནང་གི་བཙོན་ཁང་དང་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ར་བའི་སྐོར་གྱི་འདྲ་པར་གྱི་འགྲེམས་སྟོན་ཞིག་ཨ་རིའི་རྒྱལ་སར་འགོ་འབྱེད་གནང་བ།

2009.04.01

༄༅༎རྒྱ་ནག་ནང་གི་བཙོན་ཁང་དང་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ར་བའི་སྐོར་གྱི་འདྲ་པར་གྱི་འགྲེམས་སྟོན་ཞིག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་འགོ་འབྱེད་གནང་སྟེ་ཕྱི་ཟླ་ལྔ་པ་བར་འགྲེམས་སྟོན་གནང་རྒྱུ་ཡིན་པ་རེད།

གོང་ཞུས་འགྲེམས་སྟོན་དེ་ཚུགས་སའི་ལའོ་གཡི་འགྲེམས་སྟོན་ཁང་གི་འགན་འཛིན་རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ཧེ་རི་ལྦུའུ་ཡིས་འགྲེམས་སྟོན་འགོ་འབྱེད་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས་ལོ་ལྔ་བཅུའི་གོང་རྒྱ་མིའི་དཔུང་དམག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་བོད་ནང་འཕྲལ་དུ་ངལ་རྩོལ་སྒྱུར་བཀོད་ར་བ་བཙུགས་ཡོད་པ་དང་འདས་པའི་ལོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་ནང་བཙོན་ཁང་དང་ངལ་རྩོལ་སྒྱུར་བཀོད་ར་བ་མང་པོ་གསར་འཛུགས་བྱད་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག

དེ་བཞིན་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནང་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ཚོར་དཀའ་ངལ་ག་རེ་བྱུང་ཡོད་པ་དེ་ཚོ་ནམ་ཡང་བརྗེད་རྒྱུ་མེད་སྐོར་གསུངས་པ་དང་རྒྱ་ནག་གིས་བཙུགས་པའི་ངལ་རྩོལ་སྒྱུར་བཀོད་ར་བའི་ནང་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་སྡུག་རྩུབ་མནར་གཅོད་བཏང་གི་ཡོད་པའི་དཔང་རྟགས་འདྲ་པར་དང་སྒྲ་འཇུག་གང་མང་མང་བོད་མི་ཚོས་བསྡུ་རུབ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་འདུག

༡༩༥༩ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་ཏེ་རྒྱ་གར་ས་ཐོག་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་ཞབས་སོར་འཁོད་པའི་ཉིན་མོ་དང་སྟབས་བསྟུན་འགོ་འབྱེད་ཞུས་པའི་རྒྱ་ནག་དང་བོད་ནང་གི་བཙོན་ཁང་དང་ངལ་རྩོལ་སྒྱུར་བཀོད་ར་བའི་འགྲེམས་སྟོན་དེའི་ཐོག་གྲ་བཞི་བཙོན་ཁང་དང་ཆུ་ཤུར།ཁྲི་སམ་བཙོན་ཁང་ལ་སོགས་པའི་བོད་ནང་གི་བཙོན་ཁང་ཁག་གི་འདྲ་པར་དང་རྒྱ་ནག་གི་དབང་སྒྱུར་ལ་འགོག་རྒོལ་བྱེད་མཁན་བོད་མི་བཙོན་པ་ཚོའི་དཔར་དང་ཁོང་ཚོའི་བརྗོད་ཚིག་ཁག་འགྲེམས་སྟོན་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎