སྨོན་ལམ་འདོན་རྒྱུར་དམ་བསྒྲཌ།


2013.04.02
ཕྱི་ཟླ་༢ཚེས་༡༧ཉིན་བོད་མདོ་སྨད་བསང་ཆུང་རྫོང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅༎རྒྱ་ནག་གཞུང་གིས་ཉེ་ཆར་ཕྱི་ཟླ་༢པའི་ཚེས་༡༧ཉིན་བོད་མདོ་སྨད་བསང་ཆུ་རྫོང་དུ་བོད་ནང་དུ་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་གནང་མཁན་གནམ་ལྷ་ཚེ་རིང་ལགས་དམ་པ་དེའི་ནང་མི་དང་སྤུན་མཆེད་ཚོར་རྗེས་མཇུག་གི་ཞབས་རིམ་སྒྲུབ་ཏུ་མ་བཅུག་པར་དམ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག
དེ་རིང་ཕྱི་ཟླ་༤པའི་ཚེས་༢རེས་གཟའ་མིག་དམར་ཉིན་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་ངོ་སྤྲོད་གནང་བའི་ནང། དགུང་གྲངས་༤༩ ཕེབས་པའི་གནམ་ལྷ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་༢ཚེས་༡༧ གྱི་བོད་ནང་གི་དགོང་དྲོའི་ཚོུད་༥ དང་སྐར་མ་༢༠ཐོག་བོད་མདོ་སྨད་བསང་ཆུ་རྫོང༌དུ་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པ་དང༌། བོད་ཀྱི་རང་དབང་གི་ཆེད་དུ་རང་ལུས་མེ་སྲེག་བཏང་བར་བརྟེན་སྐབས་དེར་མེ་ཤུགས་ཧ་ཅང་ཆེ་དྲག་པས་དེ་མ་ཐག་ཏུ་འདས་གྲོངས་སུ་ཕྱིན་ཏེ། ད་བར་ཞག་༤༥་འགྲོ་ཡི་ཡོད་རུང་། རྒྱ་ནག་གཞུང་གིས་དམ་པ་དེའི་ནང་མི་དང་སྤུན་མཆེད་ཚོར་འདས་པོའི་རྗེས་མཇུག་ཞབས་རིམ་སྒྲུབ་མ་བཅུག་པ་བཀག་འགོག་ནན་པོ་བྱེད་པའི་ཁར་ཁོང་གི་ཁྱིམ་དུ་ས་གནས་དེའི་ཁུལ་དང་ཕྱོགས་མཐའ་ཁག་ནས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ཞུ་བར་ཡོང་མཁན་བོད་མི་རྣམས་ཀྱང་བཀག་འགོག་བྱེད་ཀྱི་ཡོད་པས། ནང་མི་སྤུན་ཉེ་ཚོས་དམ་པ་ཁོང་གི་ཆེད་དུ་ཆོས་ཕྱོགས་ཀྱི་བྱ་བ་བསྒྲུབ་རྒྱུར་ཉེན་ཁ་ཆེན་པོར་གནས་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎