བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་དང་རྒྱའི་དཔོན་རིགས་དབར་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་བ།

2009.05.28

༄༅༎ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམས་ནས་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་སྐབས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་ཡོད་འདུག

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་འཁིད་གནང་བའི་ཆབ་སྲིད་ཚོགས་པ་ཐུན་མོང་གི་སྐུ་ཚབ་ཚོགས་ཆུང་ཞིག་རེས་གཟའ་ཉི་མ་ནས་བཟུང་རྒྱ་ནག་ནང་འཚམས་འདྲི་གཟིགས་བསྐོར་གནང་བཞིན་ཡོད་པ་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཧུ་ཇིན་ཏའོ་མཆོག་གི་དབུས་པས་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག ཁ་ས་ལྕམ་སྐུ་ནེན་སི་པེ་ལོ་སིའི་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་གནང་བའི་ནང་གསལ་ལྟར་ན་ཁོང་རྣམས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང་ཁོར་ཡུག།རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་སོགས་གལ་གནད་ཆེ་བའི་གནད་དོན་མང་པོ་ཞིག་ཐོག་བཀའ་བསྡུར་གནང་ཡོད་འདུག

ཡང་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་མཇལ་འཕྲད་གྲུབ་པའི་རྗེས་སུ་གསུངས་དོན་ལ་ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོ་མཇལ་འཕྲད་སྐབས་བྱང་ཀོ་རི་ཡའི་མཉམ་གྲོས་མོལ་བྱེད་རྒྱུའི་གནད་དོན་དང་ཁོར་ཡུག་གཙང་བཟོའི་སྐོར་དེ་བཞིན་བོད་དང་རྒྱ་ནག་གཉིས་ཀྱི་ནང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཡར་རྒྱས་གཏོང་དགོས་པའི་གནས་ཚུལ་སོགས་ཀྱི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཞེས་གསུངས་འདུག

དེ་དང་ཕྱོགས་མཚུངས་སྤྱི་མཐུན་ཚོགས་པའི་འཐུས་མི་ཇེམ་སི་སེ་སེན་བར་ནར་གྱིས་ང་ཚོ་ཚོགས་པ་གཉིས་ཀའི་ངོས་ནས་བོད་དང་རྒྱ་ནག་གཉིས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་འཚབ་ཡོད་ཅེས་གསུངས་ཡོད་པ་རེད། སྐུ་ཚབ་ཚོགས་ཆུང་རྣམས་གཙོ་བོ་རྒྱ་ནག་གི་དཔོན་རིགས་ཚོའི་མཉམ་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་གི་སྐོར་གྲོས་བསྡུར་གནང་བར་ཕེབས་པ་ཞིག་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎