རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་ནག་ལ་གཟིཊ་སྐོར་ཐོག་མ་གནང་རྒྱུ།
2015.05.05
རྒྱ་གར་གྱི་སྲིད་བློན་སྐུ་ཞབས་Narendra Modiམཆོག་གིས་རྒྱ་ནག་ལ་ཐོག་མའི་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།
དེ་ཡང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་Narendra Modiམཆོག་གཟའ་འཁོར་རྗེས་མའི་ནང་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དང། ཁོང་གིས་ད་རེས་ཀྱི་འཚམས་འདྲི་དེའི་ཐོག་ནས་རྒྱ་དཀར་ནག་གཉིས་དབར་ལ་ས་མཚམས་ཀྱི་རྙོག་དྲའི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་ལམ་ཛ་དྲག་ཏུ་གནས་པ་དེ་དང། རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བའི་དཀའ་ངལ་སེལ་ཐབས་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
སྲིད་བློན་སྐུ་ཞབས་Modiམཆོག་ད་རེས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་ནང་འཚམས་འདྲིར་ཕེབས་རྒྱུའི་ཁོངས་ནས་རྒྱ་ནག་ཏུ་ཉིན་གྲངས་གསུམ་རིང་འཚམས་འདྲི་གནང་རྒྱུའི་འཆར་གཞི་ཡོད་པ་ལྟར། དེའི་རིང་ལ་རྒྱ་ནག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧེ། ཞེ་ཨན་བཅས་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་ཞིང་། དེ་རྗེས་ལྷོ་ཀོ་རི་ཡ་དང་། སོག་ཡུལ་ལའང་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐོར་རྒྱ་གར་གཞུང་གིས་གསུངས་ཡོད་པ་རེད། སྐུ་ཞབས་Modiམཆོག་ལ་སྲིད་བློན་གྱི་རྒྱལ་ཁ་ཐོབ་པའི་རྗེས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཨ་རིའི་སོགས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་གནང་སྟེ་ཨེ་ཤི་ཡའི་མངའ་ཁུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འཕེལ་བཞིན་པ་དེ་དོ་སྙོམས་ཡོང་ཐབས་འབད་བརྩོན་གནང་ཡོད་པ་རེད། དེ་རིང་སྲིད་བློན་Modiམཆོག་གིས་ཁོང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་སྐོར་གྱི་གནས་ཚུལ་རྒྱ་ནག་ནང་གི་གྲགས་ཅན་དྲ་རྒྱ་Sina Weiboནང་བཀོད་ཡོད་པ་དང་། གནས་ཚུལ་བཀོད་ནས་ཚོུད་འགའ་ཤས་ནང་ཚུད་ལ་དོ་སྣང་ཅན་གྱི་མི་གྲངས་སྟོང་ཕྲག་མང་པོས་བལྟ་ཀློག་བྱས་ཡོད་ཅིང་། ཁོང་གིས་Sina Weiboཐོག་ལ་། ང་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་༡༤ནས་༡༦བར་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་ཏེ་གནའ་རབས་ཀྱི་རིག་གཞུང་ཕྱུག་པའི་རྒྱལ་ཁབ་དང་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཕན་ཚུན་གྱི་མཛའ་གྲོགས་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འདུན་པ་བཅངས་བཞིན་ཡོད་ལ། ད་རེས་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་འདྲི་དེ་ཡིས་ཨེ་ཤི་ཡའི་ནང་གི་བརྟན་ལྷིང་དང་ཡར་རྒྱས་གོང་འཕེལ་གྱི་ནུས་སྟོབས་སྔར་བས་ཆེ་རུ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བྲིས་གནང་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་Xi Jinping་ནིང་ཕྱི་ཟླ་བཅིུག་པའི་ནང་རྒྱ་གར་ཏུ་འཚམས་འདྲི་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་རྣམ་གཉིས་ཀྱིས་མེ་འཁོར་འགྲོ་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་མ་རྩ་འཛུགས་འཇོག་བྱ་རྒྱུའི་ཚོང་ལས་དང་མཉམ་འབྲེལ་ལས་དོན་ཐོག་ལ་དམིགས་བསལ་བཀའ་བསྡུར་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།