བོད་དང་འབྲས་ལྗོངས་བར་གྱི་ཚོང་འབྲེལ་སྐོར།

བོད་དང་འབྲས་ལྗོངས་ནང་གི་ཚོང་པའི་དབར་དངོས་ཟོག་ཕར་བཙོང་ཚུར་ཉོ་བྱེད་རེས་བྱེད་ཡག་འགོ་ཚུགས་རྒྱུའི་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་པ།

2009.05.05

༄༅༎རྒྱ་གར་དང་རྒྱ་ནག་དབར་གནད་དོན་གང་ཅིའི་ཐད་ནས་འབྲེལ་བ་བ་ཡག་ཏུ་གཏོང་རྒྱུའི་འཐབ་བྱུས་ཁོངས་སུ་དཔལ་འབྱོར་ཐད་བོད་དང་འབྲས་ལྗོངས་དབར་གྱི་སྣ་ཐོད་ལའི་ཚོང་ལམ་ཕྱེ་ནས་ལོ་ངོ་བཞི་སོང་བ་ལྟར་སྣ་ཐོད་ལའི་གཤམ་ལ་གསར་འཛུགས་བྱས་པའི་བཤད་ར་ཐང་ཟེར་བའི་ཁྲོམ་ར་དེར་ཁ་ཉིན་གཟའ་ཟླ་བའི་ཉིན་བོད་དང་འབྲས་ལྗོངས་ནང་གི་ཚོང་པའི་དབར་དངོས་ཟོག་ཕར་བཙོང་ཚུར་ཉོ་བྱེད་རེས་བྱེད་ཡག་འགོ་ཚུགས་རྒྱུའི་རྟེན་འབྲེལ་མཛད་སྒོ་མདོར་བསྡུས་ཤིག་ཚུགས་ཡོད་པ་རེད། མཛད་སྒོ་དེའི་སྐབས་བོད་ཀྱི་ཕྱོགས་ནས་ཚོང་པ་དྲུག་བཅུ་སླེབས་ཡོད་པ་རེད། འོན་ཀྱང་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་འབྲས་ལྗོངས་ཀྱི་ཚོང་པ་ཚོས་བོད་ཀྱི་ཚོང་པ་ཚོ་དང་ལྷན་དུ་ཕར་བཙོང་ཚུར་ཉོ་ག་རེ་བྱས་ཆོག་དང་ཆོག་མིན་དེ་བཞིན་བོད་ཀྱི་ས་མཚམས་བར་དུ་བསྐྱོད་ཆོག་པའི་ཆོག་མཆན་སོགས་གཞུང་འབྲེལ་ལག་ཁྱེར་འབྲས་ལྗོངས་ཤར་ཕྱོགས་ཀྱི་རྫོང་དཔོན་གྱིས་དུས་ཐོག་ལ་མ་སྤྲད་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་གར་ཕྱོགས་ནས་ཚོང་པ་རྣམས་བོད་ནས་སླེབས་པའི་ཚོང་པ་ཚོ་དང་ལྷན་དུ་རྟེན་འབྲེལ་མཛད་སྒོའི་སྐབས་སུ་ཐུག་འཕྲད་མ་བྱུང་བར་ཡུལ་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོ་ཁ་སྐྱེངས་པོ་བྱུང་ཡོད་པ་རེད། བོད་དང་འབྲས་ལྗོངས་ཀྱི་ཚོང་པའི་དབར་ལོ་ལྟར་ཨ་མི་རི་ཀའི་ཌོ་ལར་ལྔ་བཅུ་ཙམ་གནས་པའི་སྤགས་པ་ལ་སོགས་པའི་དངོས་ཟོག་རིགས་ཕར་བཙོང་ཚུང་ཉོ་བྱས་ཆོག་པ་ལས་ཚོང་གི་དམིགས་ཡུལ་ངོ་མ་ནི་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎