རྒྱ་ནག་གཞུང་གི་དྲ་རྒྱར་མི་དམངས་ཀྱིས་འདོད་པ་མི་ཁེངས་པ།

རྒྱ་ནག་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་མི་དམངས་བརྒྱ་ཆ་༨༠ཙམ་གྱིས་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་ལ་འདོད་པ་མི་ཁེངས།

2010.12.17

༄༅༎རྒྱ་ནག་གི་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་མི་དམངས་བརྒྱ་ཆ་བརྒྱ་བཅུ་ཙམ་གྱིས་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་ལ་འདོད་པ་ཁེངས་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་པའི་བསམ་ཚུལ་ཤོད་ཀྱི་ཡོད་པའི་སྐོར་དེ་རིང་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས། ཕྱི་ཟླ་བདུན་པ་ནས་བཅིུག་བར་ཟླ་བའི་ལྔའི་རིང་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པ་རྣམས་མི་དམངས་ལ་ཇི་ཙམ་ཕན་ཐོགས་ཡོད་མེད་སྐོར་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཡོད་ཅིང༌། བསམ་ཚུལ་བསྡུ་ལེན་བྱེད་ཡུལ་ནི། རྒྱ་ནག་ནང་གསར་འགྱུར་གྱི་དྲ་རྒྱ་ཆེ་ཤོས་People.comདང་རྒྱ་ནག་མི་དམངས་ཀྱི་དགའ་མོས་དང་དར་གསོ་ཆེ་བའི་qq.comགཉིས་བརྒྱུད་བྱས་པའི་གྲུབ་འབྲས་སུ། མི་དམངས་བཞི་ཁྲི་ལྔ་སྟོང་ཙམ་གྱིས་གཞུང་གི་དྲ་རྒྱའི་གནས་ཚུལ་རྣམས་འདོད་པ་ཁེངས་པར་མཁོ་འདོན་ཐུབ་ཀྱི་ཡོད་པའི་བསམ་ཤོག་འཕེན་ཡོད་པ་དང། དེ་ནི་བསམ་ཤོག་འཕེན་མཁན་གྱི་གྲངས་འབོར་ནས་བརྒྱ་ཆ་༡༥ དང་གྲངས་ཆུང་༨ ལས་ཟིན་མེད་པ་དང་དེའི་དབར་ལ་འདོད་པ་མ་ཁེངས་པའི་བསམ་ཤོག་འཕེན་མཁན་བརྒྱ་ཆ་༧༨དང་གྲངས་ཆུང་༥བྱུང་ཡོད་པ་རེད། ཁོང་ཚོའི་འདོད་པ་མ་ཁེངས་པའི་གནས་ཚུལ་གཙོ་བོ་ནི། གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་ཆ་ཚང་བཀོད་སྤེལ་བྱེད་ཀྱི་མེད་པ་དང༌། དངོས་ཡོད་དང་མི་མཐུན་པའི་གནས་ཚུལ་བཀོད་སྤེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་གཉིས་དང༌། ཡང་གཞུང་གི་དྲ་རྒྱའི་ནི། ཁ་ཡོད་ལག་ཡོད་ཀྱི་མི་དམངས་ལ་ཕན་ཐོགས་པའི་གནས་ཚུལ་བཀོད་སྤེལ་བྱེད་ཀྱི་མེད་པ་དང༌། ད་དུང་ཤེས་ཡོན་དང༌། སྤྱི་ཚོགས། ལས་ཀ། སྨན་བཅོས། ཁང་པ་སོགས་ཉིན་རེའི་འཚོ་བའི་དགོས་མཁོ་དང་མཐུན་པའི་གནས་ཚུལ་དེ་རྣམས་ཆ་ཚང་བ་མཁོ་སྤྲོད་བྱེད་ཀྱི་མེད་པའི་བསམ་ཚུལ་འཕེན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎