ཡུ་གུར་གྲོང་ཁྱེར་ཞིག་ནང་བུད་མེད་ཀྱི་ངོ་རས་གྱོན་མི་ཆོག་པ།
2011.12.18
༄༅༎རྒྱ་ནག་གི་ནུབ་ཕྱོགས་ཁ་ཆེ་གནས་སྡོད་བྱ་ཡུལ་ཤར་ཏུར་ཀིསྟན་གྱི་གྲོང་ཁྱེར་ཞིག་གིས་ ཁུལ་དེའི་མང་ཚོགས་ལ་ཁ་ཆེའི་བུད་མེད་ཀྱི་ངོ་རས་གྱོན་མི་ཆོག་པ་དང༌། སྐྱེས་པ་ཚོས་རྒྱ་བསག་མ་མཆོག་པ་། ཨ་རབ་ཀྱི་གྱོན་ཆས་མགྱོན་མ་ཆོག་པའི་དམ་བསྒྲགས་བྱས་འདུག
ས་གནས་དེའི་གཞུང་གི་མགྲིན་ཚབ་པ་ཞིག་གིས་དམ་བསྒྲགས་དེ་ནི་བདེན་པ་མིན་པ་དང༌། དེའི་སྐོར་གནས་ཚུལ་གང་ཡང་ཤེས་རྟོག་མེད་ཚུལ་བརྗོད་འདུག
ཡི་ནིང་ས་གནས་ཀྱི་ཌན་མའེ་ལི་རྫོང་སྡེས་ཁུལ་དེའི་ཁ་ཆེའི་མང་ཚོགས་བུད་མེད་ཚོར་ངོ་རས་གྱོན་མ་ཆོག་པ་དང་སྐྱེས་པ་ཚོས་རྒྱ་རིང་པོ་བསག་མ་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་དེ་རེས་གཟའ་ཕུར་བུའི་ཉིན་རྒྱབ་ནས་ཡི་ནིང་ས་གནས་གཞུང་གི་དྲ་རྒྱ་ནས་བཏོན་ཟིན་ཡོད་ནའང༌། རྒྱ་ནག་གཞུང་འབྲེལ་གྱི་ཁྱབ་ཁུངས་གསར་འགྱུར་དྲ་གནས་ཐོག་ད་དུང་བཞག་ཡོད་པ་རེད།
གོང་ཞུས་གཞུང་འབྲེལ་བརྡ་ཁྱབ་དེའི་ནང་ཆོས་ལུགས་ཀྱི་རྨོང་ཞེན་མེད་པ་བཟོས་ནས་དཔལ་ཡོན་ལྡན་པའི་མི་ཚེ་ཚུལ་མཐུན་ཞིག་བསྐྱེལ་དགོས་ཞེས་པའི་བརྗོད་ཚིག་འོག ཁ་ཆེའི་མང་ཚོགས་ཁྲོད་བུད་མེད་ཚོས་ངོ་རས་གྱོན་པའི་ལམ་སྲོལ་དང་། ན་གཞོན་སྐྱེས་པ་ཚོས་ཨ་རབ་གྱི་གྱོན་ཆས་གྱོན་པ་དང་རྒྱ་རིང་པོ་བསག་པའི་ཚུལ་མིན་གྱི་ལམ་སྲོལ་དེ་མེད་པ་བཟོ་རྒྱུའི་དམིགས་ཡུལ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་དང༌། བརྡ་ཁྱབ་དེར་ཉན་འཇོག་མི་བྱེད་མཁན་ལྟ་བ་མཁྲེགས་བཟུང་པ་ཚོར་སློབ་གསོ་སྤྲོད་རྒྱུ་དང༌། ད་དུང་འགྱུར་བ་མ་བཏང་ཚེ་ཁྲིམས་དོན་ཚན་པར་རྩིས་སྤྲོད་བྱ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།།