བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་ནས་བོད་མི་གསུམ་གློད་འགྲོལ།

བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནག་ཉེས་ཉེས་འཛུགས་འོག་བཀག་ཉར་བྱས་པའི་བོད་མི་གསུམ་གློད་བཀྲོལ།

2010.03.23

༄༅༎བལ་ཡུལ་ནང་དུ་གནས་སྡོད་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནག་ཉེས་ཉེས་འཛུགས་ཀྱིས་བལ་པོའི་གཞུང་གིས་དོ་དམ་བཀག་ཉར་བྱས་པའི་ཁོངས་ནས་བོད་མི་གསུམ་བལ་པོའི་ཆེས་མཐོའི་ཁྲིམས་ཁང་གིས་གློད་བཀྲོལ་གཏོང་དགོས་པའི་བཀའ་ཁྱབ་གནང་ཡོད་པ་རེད།

བལ་པོའི་ཆེས་མཐོའི་ཁྲིམས་ཁང་གིས་རེས་གཟའ་ཟླ་བའི་ཉིན་བོད་མི་གསུམ་པོ་གློད་བཀྲོལ་གཏོང་དགོས་པའི་བཀའ་ཁྱབ་ནང་གསལ། བོད་མི་གསུམ་པོ་དེ་རྣམས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཁུངས་བསྐྱེལ་དཔང་རྟགས་གང་ཡང་མེད་པ་དང། བལ་ཡུལ་གཞུང་གིས་འཕྲལ་དུ་བོད་མི་གསུམ་པོ་གློད་བཀྲོལ་གཏོང་དགོས་ཞེས་བཀོད་ཡོད་ཅིང། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཏེ། བལ་ཡུལ་རྒྱལ་སའི་ནང་དུ་ཡོད་པའི་རྒྱ་ནག་གི་ཐོངས་མཆན་ལག་འཁྱེར་སྤྲོད་སའི་ལས་ཁུངས་མདུན་དུ་རྣོ་ངར་ཆེ་བའི་ལས་འགུལ་སྤེལ་ཐབས་བྱས་པར་བརྟེན་བལ་པོའི་ཉེན རྟོག་པས་བོད་མི་ཉི་ཤུ་རྩ་གྲངས་ཞིག་འཛིན་བཟུང་བྱས་པའི་ཁོངས་སུ་བོད་མི་གསུམ་པོ་ཡང་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེ་དུས་བལ་པོའི་གཞུང་གིས་བོད་མི་༢༣དེ་དག་ནི་བལ་པོའི་སྤྱི་ཚོགས་ཀྱི་བདེ་འཇགས་ཀྱི་ཁྲིམས་ལུགས་འབྲུ་དོན་འོག་ཉིན་གྲངས་༩༠ བཙོན་ཁང་དུ་དོ་དམ་བཀག་ཉར་བྱེད་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་དང། དེར་བརྟེན་བོད་མི་ཚོས་བལ་པོའི་གཞུང་གི་ཐག་གཅོད་དེར་གདོང་ལེན་བྱེད་རྒྱུའི་ཆེད་དུ་ཁྲིམས་ཁང་དུ་ཁོང་ཚོས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ལས་དོན་སྤེལ་མེད་པའི་ཞུ་གཏུགས་བྱས་པར་བརྟེན་ནས། ཆེས་མཐོའི་ཁྲིམས་ཁང་ནས་བོད་མི་གསུམ་པོ་དེ་དག་གིས་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཀ་བཟོ་རྒྱུའི་ཁུངས་བསྐྱེལ་དཔངས་རྟགས་མེད་པ་འགྲེལ་བརྗོད་གནང་སྟེ། བལ་པོའི་གཞུང་ལ་བོད་མི་གསུམ་པོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་བཀའ་ཁྱབ་བཏང་བ་བཞིན་གློད་བཀྲོལ་ཐོབ་ཡོད་ཀྱང། ད་དུང་བོད་མི་ཉི་ཤུ་མུ་མཐུད་བལ་པོའི་བཙོན་ཁང་དུ་དོ་དམ་བཀག་ཉར་འོག་གནས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎