བལ་ཡུལ་སྲིད་བློན་གསར་པ་པེ་ཅིང་ནས་ཕྱིར་ལོག་གནང་སྐོར།

བལ་ཡུལ་གྱི་སྲིད་བློན་གསར་པ་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་མའི་མཛད་སྒོར་མཉམ་ཞུགས་གནང་ནས་ཕྱིར་ལོག་གནང་བ།

2008.08.27

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་ པར་ཅན་རྡ་ པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་མའི་མཛད་སྒོར་མཉམ་ཞུགས་གནང་ནས་ད་ཆ་བལ་ཡུལ་ནང་ཕྱིར་ལོག་གནང་ཡོད་པ་རེད་

བལ་ཡུལ་གྱི་སྲིད་བློན་གསར་པ་ པར་ཅན་རྡ་ ཟླ་བ་འདིའི་ཟླ་སྟོད་ཙམ་དུ་བལ་ཡུལ་སྲིད་བློན་གྱི་ལས་གནས་བཞེས་ནས་ཐོག་མར་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་མའི་མཛད་སྒོར་མཉམ་ཞུགས་གནང་ནས་ཕྱིར་ལོག་གནས་བའི་རྗེས་གསར་འགོད་པར་གསལ་སྟོན་གནང་ཡས་ལ་གཞིགས་ན་ ཁོང་ཉིད་ད་རེས་པེ་ཅིང་ཕེབས་པའི་གནད་དོན་ཐོག་རྒྱ་གར་གྱི་དབུ་ཁྲིད་རྣམས་པས་ཐུགས་འཚབ་གནང་དགོས་ཡས་ཡོག་མ་རེད་ དེ་ནི་ཆབ་སྲིད་དང་འབྲེལ་བའི་ལས་དོན་གང་ཡང་མ་རེད་ཅེས་དང་ ཆབ་སྲིད་ཀྱི་འབྲེལ་བའི་ཐོག་ནས་ཐོག་མའི་ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཟིགས་སྐོར་དེ་མགྱོགས་མྱུར་རྒྱ་གར་ནང་དུ་ཕེབས་གནང་རྒྱུ་ཡིན་པ་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པར་གསལ་སྟོན་གནང་བ་ལས་དེ་མིན་དུས་ཚིགས་ག་དུས་ཡིན་མིན་སྐོར་དམིགས་བསལ་གསལ་སྟོན་གང་ཡང་གནང་མེད་པ་རེད་ བལ་ཡུལ་གྱི་སྲིད་བློན་གསར་པ་ པར་ཅན་རྡ་ ད་རེས་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་མའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བ་དང་སྦྲགས་ ཉིན་གསུམ་རིང་གི་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་དེའི་བརྒྱུད་རིམ་ནང་རྒྱ་ནག་སྲིད་འཛིན་ཧུའུ་ཅིང་ཐའོ་དང་སྲིད་བློན་ལྦོན་བཅའ་སྦའོ་སོགས་དང་མཇལ་འཕྲད་ཡང་གནང་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎