བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་འདུག

བལ་ཡུལ་གྱི་སྲིད་བློན་གསར་པ་རྒྱ་ནག་ཏུ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མཇུག་སྡོམ་མཛད་སྒོའི་ཐོག་བཞུགས་རྒྱུར་བལ་ཡུལ་ནས་ཐོན་ཡོད་པ་རེད།

2008.08.23

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་མའོ་ཤོག་ཁག་གི་འགོ་ཁྲིད་ པར་ཅན་རྡ་ གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མཇུག་སྡོམ་མཛད་སྒོའི་ཐོག་བཞུགས་རྒྱུར་བལ་ཡུལ་ནས་པེ་ཅིང་དུ་ཐོན་ཡོད་པ་རེད།

དེ་ནི་པར་ཅན་རྡ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་བའི་རྗེས་ཕྱི་རྒྱལ་རྒྱལ་ཁབ་ཏུ་འཚམས་གཟིགས་སུ་བསྐྱོད་པ་ཐོག་མ་དེ་ཡིན་པ་དང༌། རྒྱ་ནག་ནང་འཚམས་གཟིགས་གནང་བའི་རིང་ རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་སོགས་དཔོན་རིགས་ཚོ་དང་མཇལ་མོལ་གནང་ནས་བལ་ཡུལ་ནང་འདས་པའི་ལོ་ངོ་བཅུ་གྲངས་རིང་ནང་འཁྲུག་གིས་རྐྱེན་པས་དཔལ་འབྱོར་གནས་སྟངས་ཧ་ཅང་ཉམས་ཉེས་ཕྱིན་ཡོད་པ་རྣམས་སླར་གསོ་ཡོང་རྒྱུའི་གནད་དོན་སོགས་ཀྱི་ཐོག་རྒྱ་ནག་གི་དཔོན་རིགས་དང་གྲོས་མོལ་གནང་རྒྱུ་དང་འབྲེལ། རྒྱ་ནག་གཞུང་གིས་བལ་ཡུལ་ནང་རང་དབང་ཚོང་འབྲེལ་འཛུགས་རྒྱུའི་ཐོག་རྒྱབ་སྐྱོར་ཡོངས་ཐབས་བྱ་རྒྱུ་སོགས་ཀྱི་སྐོར་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། པར་ཅན་རྡ་བལ་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བའི་རྗེས་བརྙན་འཕྲིན་ཐོག་གསུང་བཤད་གནང་བའི་ནང་ བལ་ ཡུལ་གྱི་གཞུང་གསར་པས་བལ་ཡུལ་ནང་དཔལ་འབྱོར་འཕེལ་རྒྱས་དང༌། ཞི་བའི་ཐོག་ནས་བཟོ་ལས་ཐོན་སྐྱེད་སྐུལ་སྤེལ་བཏང་སྟེ་ ལས་ཤོར་མི་སྣའི་གནད་དོན་ཐག་གཅོད་བྱས་ནས་ མང་ཚོགས་ཚོར་འཚོ་བའི་མཁོ་འབྱེད་འདེངས་ངེས་མཁོ་འདོན་བྱ་ཐུབ་པའི་ཁས་ལེན་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎