བལ་ཡུལ་དུ་རྒྱ་ནག་གི་སྐུ་ཚབ་ལ་ཞི་བའི་ངོ་རྒོལ།

རྒྱ་ནག་གི་སྐུ་ཚབ་ཚོགས་པར་བལ་ཡུལ་ནང་གཏན་སྡོད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཁོངས་ནས་བོད་མི་དྲུག་འཛིན་བཟུང་བྱས་པ།

2009.09.02

༄༅༎དེང་སྐབས་བལ་ཡུལ་ནང་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པར་བལ་ཡུལ་ནང་གཏན་སྡོད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཁོངས་ནས་བོད་མི་དྲུག་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད་བཞག

དེང་སྐབས་བལ་ཡུལ་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེ་དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་ཧ་ཡེཏ་མགྲོན་ཁང་ཆེན་མོ་ནས་ཕྱིར་ཐོན་ཡོང་བའི་སྐབས་དེར་ཡོད་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་སྐབས་དེར་ས་གནས་ཉེན་རྟོག་པ་མི་གྲངས་བཞི་ཅུ་ཙམ་དུས་གཅིག་ཏུ་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ཚོ་བཀག་སྡོམ་བྱས་པའི་ཐོག་བོད་མི་དྲུག་སྐབས་འཕྲལ་མོ་ཊའི་ནང་ཁྲིད་ནས་འཛིན་བཟུང་བྱས་ཡོད་པ་རེད་ཅེས་ས་གནས་ཉེན་རྟོག་མི་སྣ་ཞིག་གིས་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་འདུག དེ་ཡང་ཉེན་རྟོག་མི་སྣ་དེས་གསུངས་ན་དེ་རིང་རྒྱ་ནག་གི་སྐུ་ཚབ་ཚོགས་པ་བཞུགས་སའི་མགྲོན་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྲལ་ནས་བོད་མི་དྲུག་ད་ལྟ་ང་ཚོས་འཛིན་བཟུང་བྱས་ཡོད་ཀྱང་ཉིན་རྒྱབ་གློད་བཀྲོལ་བྱེད་སྲིད་པ་རེད་ཅེས་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎