བལ་ཡུལ་གྱི་སྲིད་འཛིན་དང་བློན་ཆེན་ལ་རྒྱ་ནག་གི་ཤུགས་སྣོན།
2010.02.23
༄༅༎རྒྱ་ནག་གཞུང་གིས་ད་རེས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོིག་རྣམ་གཉིས་མཇལ་འཕྲད་གནང་བ་དེར་དོ་ཕོག་བཏང་ཐུབ་མེད་ཀྱང་ད་རེས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུའི་ནང་བོད་མི་ཚོས་དད་གུས་ཤུགས་ཆེ་ཞུ་བའི་ཆོས་ཕྱོགས་ཀྱི་སྔ་འགྱུར་སྙིང་མའི་བླ་ཆེན་དིལ་ཁུ་མཁྱེན་ཚེ་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་སར་བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་Ram Baran Yadavམཆོག་དང་དེ་བཞིན་བལ་ཡུལ་གཞུང་གི་བློན་ཆེན་གཉིས་བཅས་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་གནང་ཡུལ་དེར་གདན་ཞུ་ལྟར་
ཕེབས་གཏན་འཁེལ་ཡོད་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་དེ་ནས་ངང་འཐེན་གནང་དགོས་བྱུང་ཡོད་པ་རེད་
རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་གི་མཐོ་རིམ་དབུ་ཁྲིད་མཛད་སྒོེ་དེར་བཞུགས་རྒྱུ་དེས་ཐའེ་ལྦན་དང་བོད་གཉིས་རྒྱ་ནག་གི་ཆབ་འབངས་མངའ་འོག་ཡིན་ལུགས་དེ་བཞིན་རྒྱ་ནག་གཅིག་གི་ངོ་བོ་ལས་འགལ་འཛོལ་དུ་འགྲོ་ཡི་འདུག་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་བཞག