བལ་ཡུལ་གྱིས་བོད་དོན་གོམ་བགྲོད་པར་བཙོན་ཁྲིམས་བཅད།

རྡ་ས་ནས་ལྷ་སའི་བར་ཞི་བའི་གྲོམ་བགྲོད་ཚེ་བརྟན་རྡོ་རྗེ་ལ་ལོ་ལྔའི་བཙོན་ཁྲིམས་བཅད་པ།

2012.06.17

༄༅༎འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་ཆེད་དུ་བཞུགས་སྒར་རྡ་རམ་ས་ལ་ནས་བོད་བར་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཁ་སྔོན་བལ་ཡུལ་ས་ཐོག་ནས་འཛིན་བཟུང་བྱས་པའི་རྗེས། ལོ་ལྔ་ལྷག་གི་འཛིན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་རིང་TNN ཞེས་པའི་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བའི་ནང༌། ཐོག་མར་བལ་པོའི་གཞུང་གིས་ཚེ་བརྟན་རྡོ་རྗེ་ལགས་སུ་དངུལ་གྱི་ཉེས་པ་བཅད་དེ་གློད་བཀྲོལ་གཏོང་རྒྱུ་བྱས་ཡོད་ཀྱང་དངུལ་གྱི་ཉེས་པ་མ་འཇལ་བར་བརྟེན། ཕྱི་ཟླ་དྲུག་པའི་ཚེས་༡༥་རེས་གཟའ་པ་སངས་ཉིན་བལ་པོའི་ཁྲིམས་ཁང་ནས་ཁོང་ལ་བལ་ཡུལ་ནང་འཛུལ་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་ཉེས་བཙུགས་ཀྱིས་ལོ་ལྔ་དང་ཟླ་བ་ལྔ། ཞག་མ་༢༥ ཡི་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་སྐོར་བཀོད་ཡོད་པ་རེད། ཚེ་བརྟན་རྡོ་ལགས་ཀྱིས་སྐབས་དེར་གནས་ཚུལ་ཞིག་སྤེལ་བའི་ནང༌། དེ་རིང་ཁོང་བལ་པོའི་ལས་ཁུངས་ཨ་མའི་ནང་སྐད་བཏང་བ་དང༌། སྐབས་དེར་ཁོང་ཚོས། དེ་རིང་ཁྱེད་རང་གློད་བཀྲོལ་གཏོང་གི་ཡོད་པས། བལ་སྐོར་སྟོང་ཕྲག་ལྔ་ཡི་ཉེས་པ་འཇལ་དགོས་པ་བཤད་བྱུང༌། དེ་རིང་བར་དུ་ཁོང་བལ་པོས་དོ་དམ་བྱས་ཏེ་ཉིན་གྲངས་༢༥ ཕྱིན་པའི་ཉིན་མོ་ཡིན་ཞིང༌། ངོས་ལ་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཏེ་བཙོན་ཁང་དུ་བཅུག་པ་ཡིན་ན། དེ་སྔ་ས་ནས་དང་ལེན་བྱེད་རྒྱུའི་གྲ་སྒྲིག་ཡོད་ཀྱང༌། བལ་པོའི་མི་དེ་དག་གི་བྱེད་སྟངས་ལ་བལྟས་ན། རྒྱལ་ཁབ་དེའི་ལས་ཁུངས་དུ་ཁྲིམས་བརྩི་སྲུང་གིས་མི་ལ་ཐག་གཅོད་བྱེད་མཁན་གཏན་ནས་མེད་པར། དངུལ་ལ་ལྟོས་ནས་ཐག་གཅོད་བྱེད་ཀྱི་ཡོད་པའི་རྣམ་པ་མཐོང་སོང་།  ངོས་ལ་གནས་ཚུལ་ལེགས་ཉེས་གང་ཞིག་བྱུང་བ་ཡིན་ནའང་ཁྲིམས་ཐོག་ནས་ཉེས་པ་དང་ཡིག་ཆ་ང་རང་གི་ལག་པར་མ་འབྱོར་བར་དུ་མི་དེ་དག་གི་ལྐོག་ཟ་རུལ་ངན་གྱི་བྱ་སྤྱོད་འདི་རིགས་ནམ་ཡང་དང་ལེན་བྱེད་རྒྱུ་མིན་པའི་དམ་བཅའ་ཡོད་ཅེས་བྲིས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎