ཕྲུ་གུ་དམར་མཆོད་ཕུལ་བའི་དོགས་གཞི་དང་འཇུ་བཟུང་།


2015.07.27
གནས་ཚུལ་བྱུང་སའི་བལ་ཡུལ་གྱི་གྲོང་གསེབ། གནས་ཚུལ་བྱུང་སའི་བལ་ཡུལ་གྱི་གྲོང་གསེབ།
AFP

བལ་ཡུལ་ནང་ཕྲུ་གུ་ལོ་བཅུ་ལ་སོན་པ་ཞིག་བསད་ནས་དམར་མཆོད་ཕུལ་བའི་དོགས་གཞིའི་འོག་མི་བཅུ་གཅིག་འཇུ་བཟུང་བྱས་འདུག
དེ་ཡང་འདི་ཚེས་༢༦རེས་གཟའ་ཉི་མའི་ཉིན་བལ་ཡུལ་ནས་ཧྥ་རན་སུའི་གསར་ལས་ཁང་AFPགིས་གནས་ཚུལ་སྤེལ་དོན། བལ་ཡུལ་ལྷོ་ནུབ་ཀྱི་གྲོང་གསེབ་ཅིག་ཏུ་རང་ལོ་བཅུ་ལ་སོན་པའི་ན་གཞོན་ཇི་ཝན་ཀོ་ཧར་Jivan Koharགར་སོང་ཆ་མེད་དུ་གྱུར་བའི་ཕུང་པོ་རེས་གཟའ་པ་སངས་ཉིན་ནྭ་ཝལ་པ་ར་སི་Nawalparasiརྫོང་གི་ཀུ་དྷི་ཡ་Kudiyaགྲོང་གསེབ་ཀྱི་ཤིང་ནགས་ནང་ནས་བརྙེད་ཡོད་པ་དང་། ཁོ་བོའི་མིད་པ་གྲིས་བཅད་ནས་བསད་ཡོད་སྐོར་ཉེན་རྟོག་པའི་དཔོན་རིགས་ནལ་པ་ར་སདྷ་ཨུ་པ་དྷ་ཡས་Nal Prasad Upadhayayaའགྲེལ་བརྗོད་གནང་འདུག བུ་དེ་གསོད་མཁན་རྩད་གཅོད་བྱས་པའི་སྐབས་ གྲོང་གསེབ་དེའི་ཕ་རྒན་ཞིག་གིས་ཁོ་པའི་བུ་ནད་པ་ཡིན་པ་དང་། རང་གི་བུ་དྲག་བསྐྱེད་ཡོང་ཐབས་སུ་གྲོང་གསེབ་ཀྱི་ལྷ་འདྲེ་གསོལ་མཁན་བླ་མས་སློབ་སྟོན་གནང་བ་བཞིན་ལོ་༡༠ལ་སོན་པའི་བུ་ཇི་ཝན་ཀོ་ཧར་ཟེར་བར་ཁ་ཟས་རྔན་པ་སྤྲད་པ་དང་། དེ་རྗེས་བལ་སྒོར་ལྔ་བཅུ་སྤྲོད་རྒྱུའི་ཁས་ལེན་བྱས་ནས་བསླུ་བྲིད་བྱས་ཏེ་ས་ཆ་ཁུག་སྐྱོག་ཞིག་ཏུ་འཁྲིད་ནས་མིད་པ་བཅད་ནས་བསད་དེ་དམར་མཆོད་ཕུལ་རྗེས་བུ་དེའི་ཕུང་པོ་ཤིང་ནགས་ནང་གཡུགས་བཞག་པ་ཡིན་ཞེས་ཕ་རྒན་དེས་ངོས་ལེན་བྱས་ཡོད་འདུག སྐབས་དེར་ཁ་པར་རོགས་པ་བྱེད་མཁན་སྐྱེས་པ་བདུན་དང་། བེུད་བཞི་བཅས་ཁྱོན་བཅུ་གཅིག་འཛིན་བཟུང་གིས་ནག་ཉེས་བཙུགས་ཟིན་ལུགས་ཉེན་སྲུང་འགན་འཛིན་ཨུ་པ་དྷ་ཡ་ཡ་ཡིས་གསུངས་པ་ཧྥ་རན་སུའི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག
བལ་ཡུལ་གྱི་མི་འབོར་ས་ཡ་༢༨ནས་བརྒྱ་ཆ་༨༠ལྷག་ཧིན་རྡུ་པ་དང་། ཁོང་ཚོས་ར་དང་། མ་ཧེ། ཁྱིམ་བྱ་སོགས་དམར་མཆོད་ཕུལ་སྲོལ་དོར་མེད་པ་རེད། འཛིན་བཟུང་བྱས་པའི་མི་གཅིག་གིས་ནག་ཉེས་ངོས་ལེན་དང་སྦྲགས་བུ་ནད་པ་དེར་ལྷ་འདྲེ་ཞུགས་ཡོད་པས་དམར་མཆོད་མ་གཏོགས་དེ་མིན་བཅོས་ཐབས་མེད་ལུགས་ངོས་ལེན་བྱས་ཡོད་ལུགས་ཧི་མ་ལ་ཡའི་དུས་བབ་(The Himalayan Times)ཞེས་པས་ལུང་འདྲེན་བྱས་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎