བལ་ཡུལ་ནང་པའི་ཚོཌ་པས་ཁུངས་མེད་གནས་ཚུལ་ལ་སྐྱོན་བརྗོད།

བལ་ཡུལ་ནང་ཡོད་པའི་བོད་རྒྱུད་ནང་པའི་དགོན་སྡེ་ཁག་ཉི་ཤུ་རྩ་བཞི་ཙམ་གྱིས་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་སྙན་ཐོ།

2009.12.11

༄༅༎བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་བལ་ཡུལ་གསང་བའི་ལས་ཁང་གིས་བལ་ཡུལ་ནང་ཡོད་པའི་བོད་རྒྱུད་ནང་པའི་དགོན་སྡེ་ཁག་ཉི་ཤུ་རྩ་བཞི་ཙམ་མིང་འདོན་བྱས་ནས་དགོན་སྡེ་དེ་དག་ནང་གི་དགེ་འདུན་དང་བཙུན་མ་ཚོས་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་བ་དང་གོ་མཚོན་བདག་ཉར་བྱེད་ཀྱི་ཡོད་ལུགས་ཀྱི་སྙན་ཐོ་བཏོན་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པའི་ཐོག་དེ་རིང་བལ་ཡུལ་ནང་པའི་མཐུན་ཚོགས་ཀྱིས་གནས་ཚུལ་དེ་རིགས་ནི་ཁུངས་ལྡན་གང་ཡང་མེད་པ་ཞིག་ཡིན་ལུགས་སྐྱོན་བརྗོད་གནང་ཡོད་པ་རེད།

བལ་ཡུལ་ནང་པའི་མཐུན་ཚོགས་ཀྱིས་གསུངས་ན་ བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁུངས་སྐྱེལ་ར་འཕྲོད་མེད་པའི་གནས་ཚུལ་དེ་རིགས་སྤེལ་ཏེ་བལ་ཡུལ་གྱི་སྤྱི་ཚོགས་ཁྲོད་རྩོད་གླེང་གི་རྐྱེན་སློང་རྒྱུ་ཡིན་པས་ གསར་འགྱུར་བརྒྱུད་ལམ་ཁག་གིས་གསར་འགོད་པའི་ལས་དོན་གྱི་གཞི་རྩ་འཛིན་ནས་ཁུངས་དང་ལྡན་པའི་གནས་ཚུལ་འགོད་རྒྱུ་དེ་ནི་གལ་ཆེ་ཡིན་པའི་སྐོར་གསུངས་ཡོད་པ་དང་འབྲེལ་ བལ་ཡུལ་ནང་ནང་པ་དང་ཧིན་རྡུ་ ཡི་ཤུ་སོགས་ཆོས་ལུགས་གང་འདྲ་ཞིག་ལ་ཡང་རང་གི་ཆོས་ལུགས་ཉམས་ལེན་དང་དར་སྤེལ་ཆོག་པའི་ཐོབ་ཐང་ཡོད་པ་བཞིན་ ལོ་གཉིས་ཀྱི་གོང་བལ་ཡུལ་གྱི་སྲིད་དབང་ལ་འཕོ་འགྱུར་ཕྱིན་ཡོད་ན་ཡང་ དེའི་ཐོག་འགྱུར་ལྡོག་གང་ཡང་ཕྱིན་མེད་ལུགས་དང་  བལ་ཡུལ་གྱི་ནང་པའི་དགོན་སྡེ་ཁག་གིས་ཀྱང་ཞི་བའི་ལས་དོན་ཁོ་ན་སྤེལ་བཞིན་ཡིན་ལུགས་གསུངས་ཡོད་འདུག བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་བལ་ཡུལ་རྒྱལ་ཡོངས་གསང་བའི་ལས་ཁང་གི་ལས་བྱེད་པས་བལ་ཡུལ་ནང་ཡོད་པའི་བོད་རྒྱུད་ནང་རྟེན་གྱི་དགོན་སྡེ་ཉི་ཤུ་རྩ་བཞི་མིང་འདོན་བྱས་ནས་དགོན་སྡེ་དེ་དག་གིས་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་དེའི་ནང་ནས་དགོན་སྡེ་བདུན་ནི་ཧ་ཅང་གི་འཚོར་བ་རྣོ་བའི་མིང་འདོན་བྱས་ནས་བལ་ཡུལ་ནང་སྲིད་ལྷན་ཁང་གིས་དགོན་སྡེ་དེ་དག་ལ་དོ་དམ་བྱེད་དགོས་ལུགས་ཀྱི་བསམ་ཚུལ་སྙན་ཞུ་ཕུལ་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎