བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་ཁོར་ཡུག་སྐོར་གླེང་རྒྱུ།

བལ་ཡུལ་གྱི་སྲིད་བློན་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

2009.09.20

༄༅༎བལ་ཡུལ་གྱི་སྲིད་བློན་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་༦༤པའི་ནང་མཉམ་བཞུགས་གནང་རྒྱུ་ཡིན་འདུག

བལ་ཡུལ་གྱི་སྲིད་བློན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གོ་སྒྲིག་གནང་བའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་ཆེན་ནང་མཉམ་བཞུགས་ཀྱིས་ས་མཐོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་སྤྱིའི་ཞི་བདེའི་ལས་དོན་གནང་ཕྱོགས་ཐད་གཏམ་བཤད་གནང་རྒྱུ་ཡིན་འདུག ཚོགས་ཆེན་གྱི་ཞོར་དུ་བལ་ཡུལ་གྱི་སྲིད་བློན་གྱིས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་དང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་དབུས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཁག་ཅིག་ཟུར་མཇལ་གནང་གི་ཡོད་འདུག འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ལ་ཀུན་གྱིས་ཐུགས་སྣང་འཕེལ་བའི་ཆེད་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་ཨ་རིའི་སྲིད་འཛིན་བཱ་རཁ་ཨོ་བཱ་མ་མཆོག་ལ་རི་བོ་ཇོ་མོ་གླང་མའི་དྲན་རྟེན་གྱི་རྡོ་ཞིག་འབུལ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎