བོད་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ།

པེ་ཅིང་ཨོ་ལིམ་པིག་འདི་ནི་ཞི་བའི་རྩེད་འགྲན་ཡིན་པར་དྲིལ་བསྒྲགས་བྱེད་མིན་ལ་མ་བལྟོས་པར་བོད་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་འདུག

2008.08.05

༄༅༎རྒྱ་ནག་གཞུང་གིས་ པེ་ཅིང་དུ་ཚུགས་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་འདི་ནི་ཞི་བདེའི་ཆེད་ཀྱི་རྩེད་འགྲན་ཞིག་ཡིན་པར་དྲིལ་བསྒྲགས་ཤུགས་ཆེ་བྱེད་མིན་ལ་མ་བལྟོས་པར་ བོད་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

འདི་ལོ་ཕྱི་ཟླ་གསུམ་པའི་ནང་ བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་ འདི་ནི་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་ཀྱི་དུས་ཡུན་ལོ་ལྔ་བཅུའི་ནང་གི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་ཤིག་ཡིན་པར་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ཅིང་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་དེ་ནི་ རྒྱ་ནག་གཞུང་གིས་ལོ་ལྔ་བཅུའི་རིང་བོད་མི་ཚོའི་ཐོག་སྤེལ་བའི་དྲག་རྩུབ་ཀྱི་སྲིད་བྱུས་དེར་ངོ་རྒོལ་བྱས་པ་ཞིག་ཡིན་པ་བརྗོད་འདུག་པ་དང་ ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ རྒྱ་ནག་གཞུང་ནས་ཨོ་ལིམ་པིག་མ་ཚུགས་སྔོན་རྒྱ་ནག་གི་གནས་ཚུལ་ཤེས་རྟོགས་གོང་འཕེལ་ཆེད་རྒྱལ་སྤྱིའི་གསར་འགོད་པ་ཚོར་གསར་འགོད་རང་དབང་གི་ཐོབ་ཐང་ཆེ་རུ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་ བོད་ཐོག་བཟུང་བའི་རང་ཉིད་ཀྱི་སྲིད་བྱུས་ནོར་འཁྲུལ་ཅན་དེ་སྦས་ཐབས་ཆེད་དེར་ཡོད་ཀྱི་ཕྱི་རྒྱལ་གྱི་གསར་འགོད་པ་ཡོངས་རྫོགས་ཕྱི་ཟླ་གསུམ་པའི་ངོ་རྒོལ་སྒེར་ལངས་ཀྱི་དུས་ཟིང་སྐབས་ཕྱིར་འབུད་བྱས་པར་མ་ཟད་ མུ་མཐུད་ཕྱི་རྒྱལ་གྱི་གསར་འགོད་པ་བོད་དུ་འགྲོ་རྒྱུ་བཀག་འགོག་བྱས་སྟེ་ བོད་ས་ཡོངས་རྫོགས་ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་པའི་བྱ་ཐབས་ཤིག་བཟུང་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག

གནད་དོན་འདི་དང་འབྲེལ་ཡོད་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་བརྒྱད་པའི་ཚེས་ ༦ ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུ་ཡིན་པ་དེའི་ནང་ ཕྱི་ཟླ་གསུམ་པའི་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས་ བོད་ནང་གི་གྲ་བཙུན་དང་མི་སྐྱ་ཕོ་མོ་ ཐ་ན་སློབ་ཕྲུག་སོགས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་དོ་དམ་བྱས་སྟེ་ ཁོང་ཚོའི་ཐོག་ཉེས་རྡུང་ལ་སོགས་པའི་དྲག་རྩུབ་ཀྱི་བྱ་སྤྱོད་ཤུགས་ཆེ་སྤེལ་བ་དང་ ཞི་བའི་ངོ་རྒོལ་བ་ཚོའི་ཐོག་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་པ་ བཙོན་ཁང་ནང་ཉེས་བརྡུང་གི་འོག་དམར་བསད་བཏང་པའི་བོད་མི་ཚོ་རང་ཤི་བརྒྱབ་པ་ཡིན་ལུགས་ཀྱི་རྫུན་གཏམ་བཤད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎