མཚོ་སྔོན་ཞིང་ཆེན་ནང་གནམ་ཐང་གསར་པ་ཞིག་སྒོ་ཕྱེ་བ།

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ནང་གནམ་ཐང་གསར་པ་ཞིག་བཟོ་བསྐྲུན་ཟིན་ཏེ་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་སྒོ་ཕྱེ་ཡོད་འདུག

2009.08.01

༄༅༎རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ནང་གནམ་ཐང་གསར་པ་ཞིག་བཟོ་བསྐྲུན་ཟིན་ཏེ་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་སྒོ་ཕྱེ་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གནམ་ཐང་འདི་ནི་ཡུ་ཤུ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སྲིད་གཞུང་ཆགས་ཡུལ་དགེ་དགུ་གྲོང་ནས་རྒྱང་ཐག་ཀི་ལོ་མི་ཊར་ཉི་ཤུ་རྩ་དྲུག་ཆོད་པའི་སར་ཡོད་འདུག་ཅིང་དེ་ནི་རྒྱ་མཚོ་ནས་མཐོ་ཚད་མི་ཊར་གསུམ་སྟོང་དགུ་བརྒྱ་ཙམ་ཡིན་འདུག

ཤིན་ཧཱ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་འགྲུལ་སྐྱེལ་སྲིད་ཞུའི་གནམ་ཐང་འདིས་མཁའ་ལམ་ཐོག་ཟི་ལིང་ནས་དགེ་དགུ་བར་དུས་ཡུན་སྐར་མ་བདུན་བཅུ་ལས་འགོར་རྒྱུ་མིན་པ་དང་རྣམ་ཀུན་ས་ཐོག་ནས་གྲོང་ཁྱེར་དེ་གཉིས་དབར་འགྲིམ་འགྲུལ་བྱེད་སྐབས་དུས་ཡུན་ཚོུད་བཅོ་ལྔ་ཙམ་འགོར་གྱི་ཡོད་འདུག

མཚོ་སྔོན་ཞིང་ཆེན་གྱི་སྲིད་སྐྱོང་པ་སུང་ཨིའུ་ཡན་གྱིས་གནམ་ཐང་གསར་རྒྱག་གི་ལས་གཞི་ཟིན་པ་དེས་ཁུལ་དེའི་ནང་ཡུལ་འཁོར་སྤྲོ་འཆམ་པ་ཡོང་མཁན་ཇེ་མང་དུ་འགྲོ་རྒྱུ་མ་ཟད་ས་ཁུལ་མི་དམངས་ཀྱི་དབུལ་ཕོངས་སེལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་འདུག

ཡུ་ཤུའི་ས་གནས་འདི་ནི་བོད་ནས་རྒྱ་ནག་དང་དེ་ནས་ལྷོ་ཤར་ཨེ་ཤེ་ཡའི་ནང་རྒྱུགས་པའི་འབྲི་ཆུ་དང་རྫ་ཆུ།རྨ་ཆུ་གཙང་པོ་བཅས་ཀྱི་ཆུ་འགོ་ཡོད་ས་དེ་ཡིན་པ་རེད།

གནམ་ཐང་གསར་རྒྱག་གི་ལས་གཞི་དེ་ཕྱི་ལོ་ཉིས་སྟོང་བདུན་གྱི་ཕྱི་ཟླ་ལྔ་པའི་ནང་འགོ་བཙུགས་བྱས་ཡོད་པ་དང་ཉིས་སྟོང་དགུའི་ཕྱི་ཟླ་དྲུག་པའི་ནང་ལས་གཞི་ཡོངས་སུ་ཟིན་ཞིང་འགྲོ་གྲོན་རྒྱ་མིའི་སྒོར་མོ་ས་ཡ་ལྔ་བརྒྱ་ཙམ་མམ་ཨ་རིའི་ཌོ་ལར་ས་ཡ་བདུན་ཅུ་དོན་གསུམ་ཙམ་བཏང་ཡོད་འདུག གནམ་ཐང་གི་རྒྱ་ཁྱོན་ལ་མི་ཊར་གྲུ་བཞི་མ་བཞི་སྟོང་ཡོད་པ་དང་རྒྱུགས་ལམ་གྱི་རིང་ཚད་མི་ཊར་སུམ་སྟོང་བརྒྱད་བརྒྱ་ཙམ་ཡོད་འདུག་པར་བརྟེན་འདི་ནི་ཚད་ལྡན་གྱི་གནམ་ཐང་ཞིག་ཡིན་ཞིང་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཤོང་པའི་འགྲུལ་སྐྱེལ་གནམ་གྲུ་སུམ་བརྒྱ་བཅུ་དགུ་རྟགས་ཅན་གྱི་གནམ་གྲུ་འཕུར་བབས་ཐུབ་ས་ཞིག་ཀྱང་ཡིན་པ་རེད།

ད་ལྟའི་སྐབས་གནམ་ཐང་གསར་པ་འདི་ནས་ཡུ་ཤུ་ནས་ཟི་ལིང་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཤི་ཨན་དུ་གཟའ་མིག་དམར་དང་སྤེན་པ་ལྟར་ཆགས་གནམ་གྲུ་འཕུར་བསྐྱོད་བྱ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎