བོད་དུ་མེ་འཁོར་ལྕཌ་ལམ་བཟོས་པའི་དམིགས་ཡུལ་ཇི་ཡིན་སྐོར།

རྒྱ་ནག་གི་མེ་འཁོར་བོད་ཀྱི་ཡིད་གདུང་ངམ་བྱུས་ཉེས་ཞེས་པའི་དེབ་ཅིག་བཙན་བྱོལ་བོད་གཞུང་གིས་འགྲེམས་སྤེལ་གནང་འདུག

2009.04.06

༄༅༎རང་བྱུང་གཏེར་གྱིས་ཕྱུག་པའི་བོད་གངས་ཅན་ལྗོངས་ནས་གཏེར་ཁ་ཕོན་ཆེ་རྒྱ་ནག་གི་བཟོ་གྲྭ་ཆེས་མང་པོའི་དགོས་མཁོ་འོར་འདྲེན་དང་ཕྱོགས་མཚུངས་བོད་ནང་བོད་མིར་དྲག་གནོན་ལ་དམིགས་ཏེ་རྒྱ་ནག་ནས་དམག་མི་ཕོན་ཆེ་འགྲུལ་བཞུད་སོགས་ཀྱི་ཆེད་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སར་བར་མེ་འཁོར་ལྕགས་ལམ་གསར་བཟོ་བྱས་པའི་གནད་དོན་འཁོད་པའི་རྒྱ་ནག་གི་མེ་འཁོར་བོད་ཀྱི་ཡིད་གདུང་ངམ་བྱུས་ཉེས་ཞེས་པའི་དེབ་ཅིག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་ཁོར་ཡུག་དང་འཕེལ་རྒྱས་སྡེ་ཚན་གྱིས་འགྲེམས་སྤེལ་གནང་འདུག འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གཞུང་གིས་གོང་ཞུས་དམིགས་ཡུལ་དོན་འཁྱོལ་འབྱུང་ཐབས་སུ་ཕྱགས་རྒྱངས་རིང་པོའི་ངན་བྱུས་བཏིང་ཡོད་ཅིང་ཕྱི་ལོ་༡༩༦༡ལོར་རྒྱ་ནག་གི་ལན་ཀྲོའུ་ནས་བོད་ཀྱི་ཟི་ལིང་བར་མེ་འཁོར་ལྕགས་ལམ་བཏིང་སྟེ་འགྲུལ་བཞུད་ཐུབ་པ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་འདིང་རྒྱུའི་འཆར་གཞི་ངེས་ཅན་བཀོད་པ་ཡིན་པ་རེད། བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཏིང་པའི་དམིགས་ཡུལ་ནི་བོད་ཀྱི་གཏེར་ཁ་བསྔོག་འདོན་ཇི་ཐུབ་རྒྱ་ནག་ལ་འོར་འདྲེན་དང་རྒྱ་ནག་ནས་རྒྱ་མི་རིགས་ཕོན་ཆེ་བོད་ནང་གཞིས་སྤོས་བྱས་ཏེ་བོད་ཀྱི་ཡུལ་ནང་བོད་མི་རྣམས་གྲངས་ཉུང་མི་རིགས་ཅིག་ཏུ་འགྱུར་རྒྱུ་མ་ཟད་དགོས་གལ་བྱུང་ན་བོད་ནང་དྲག་གནོན་ཆེད་གུང་གྲན་ཏང་གི་དམག་མི་ཕོན་ཆེ་དུས་གཅིག་ཏུ་མེ་འཁོར་ནང་འོར་འདྲེན་ཐུབ་པའི་མཐུན་རྐྱེན་སྦྱོར་རྒྱུའི་དམིགས་ཡུལ་འགྲུབ་པ་ཡིན་སྐོར་གོང་ཞུས་རྒྱ་ནག་གི་མེ་འཁོར་བོད་ཀྱི་ཡིད་གདུང་ཞེས་པའི་དེབ་དེའི་ནང་བཀོད་ཡོད་པ་རེད། གོར་མོ་ནས་ལྷ་ས་བར་རི་ལིའི་ལྕགས་ལམ་བཏིང་ནས་མེ་འཁོར་འགྲུལ་བཞུད་འཛུགས་སྐྲུན་བྱས་པའི་ཁེ་ཕན་བོད་མི་རིགས་ལ་འཐོབ་ཀྱི་ཡོད་དམ་ཡང་ན་བོད་མི་རིགས་ཀྱི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་གཏོང་རྒྱུའི་རྒྱུ་རྐྱེན་དུ་འགྲོ་གཉིས་འབྱུང་འགྱུར་བལྟ་ཞིབ་བྱ་རྒྱུའི་གནད་དོན་ཞིག་ཏུ་འགྱུར་ཡོད་ལུགས་དེབ་དེའི་ནང་འགྲེལ་བརྗོད་གནང་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎