རྒྱ་ནག་ཏུ་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ།

རྒྱ་ནག་གི་དྲ་རྒྱའི་ཐོག་རྒྱ་ནག་ནང་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་གི་འབོད་སྐུལ་བསྐྱར་དུ་ཐོན་ཡོད་འདུག

2011.02.23

༄༅༎རྒྱ་ནག་གི་དྲ་རྒྱའི་ཐོག་རྒྱ་ནག་ནང་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་གི་འབོད་སྐུལ་བསྐྱར་དུ་ཐོན་ཡོད་འདུག དྲ་རྒྱའི་ཐོག་གི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་སྐུལ་སློང་དེ་བཞིན་ཕྱི་རྒྱལ་ནང་འགྲེམས་སྤེལ་བྱེད་ཀྱི་ཡོད་པའི་བོའོ་ཤུན་དྲ་རྒྱའི་ཐོག་སྤེལ་ཡོད་པ་དང་ དེའི་ནང་ཕྱི་ཟླ་གཉིས་པའི་ཚེས་༢༧ནས་བཟུང་ གཟའ་འཁོར་རེའི་གཟའ་ཉི་མའི་ཉིན་གཏན་འེབབས་བྱས་པའི་ས་གནས་སུ་འབོད་ཚིག་གཅིག་མཚུངས་སྒྲོག་ནས་ངོ་རྒོལ་བྱེད་དགོས་པའི་སྐོར་འཁོད་ཡོད་པ་དང་ དྲ་རྒྱའི་ཐོག་ངོ་རྒོལ་གྱི་ལས་འགུལ་དུས་གཅིག་དང་འབོད་ཚིག་གཅིག་སྒྲོག་ནས་སྤེལ་དགོས་པའི་འབོད་སྐུལ་གྱི་དྲ་ཚིག་དེའི་ནང་ ངོ་རྒོལ་བྱེད་ས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་གྲོང་ཁྱེར་ཧྲང་ཧད་ ནན་ཅིང་  གོང་ཀྲའོ་སོགས་ས་ཁུལ་ཁག་བཅུ་བསུམ་དང་ བཅོ་བརྒྱད་བར་མིང་བཏོན་བྱས་ཡོད་པ་དང་ ཡིན་ནའི་བོའོ་ཤུན་དྲ་རྒྱའི་ཐོག་གི་འབོད་སྐུལ་དྲ་ཚིག་དེ་སུས་སྤེལ་མིན་སྐོར་ཁ་གསལ་གང་ཡང་མེད་པ་དང་ གཟའ་འཁོར་སྔོན་པ་འབོད་སྐུལ་གྱི་དྲ་ཚིག་དེའི་སྐུལ་སློང་འོག་ རྒྱ་ནག་གི་ས་ཁུལ་ཁག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོ་གཞུང་ཕྱོགས་ནས་ཕྱིར་བུད་བྱས་པའི་རྗེས་ ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་ རྒྱ་ནག་དམངས་གཙོ་དོན་གཉེར་ལྟེ་གནས་ཁང་གིས་གནས་ཚུལ་ཕྱིར་བཏོན་བྱས་པའི་ནང་འཁོད་པར་གཞིགས་ན་ དྲ་མིང་མེའོ་ཞའོ་ཞེས་པའི་གོང་ཏུང་ས་གནས་ནས་ཡིན་པའི་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཞིག་གིས་གཟའ་འཁོར་སྔོན་མ་རྒྱ་ནག་ཧད་ལུང་ཅང་ནང་བྱུང་བའི་འདུ་འཛོམས་ལས་འགུལ་དང་འབྲེལ་བ་ཡོད་ལུགས་ཀྱིས་གཞུང་ཕྱོགས་ནས་ རྒྱལ་ཁབ་མགོ་རྟིང་སློག་རྩིས་དང་ དཀྲོག་གཏམ་ཁྱབ་སྤེལ་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད་  ཁྲིམ་རྩོད་པ་དང་པེའོ་དང་ ཅང་ཐན་ཡུང་ ཐང་ཇིའི་ཐན་སོགས་ཀྱིས་གཟའ་འཁོར་སྔོན་མའི་འདུ་འཛོམས་ཐོག་གཏམ་བཤད་སྤེལ་བའི་རྐྱེན་གྱིས་ཉེན་རྟོག་པས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཞེས་པས་བརྗོད་ན་ ཉུང་ཐར་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མི་གྲངས་བརྒྱ་ཙམ་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པའི་སྐོར་གནས་ཚུལ་བརྗོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎