རྒྱ་གར་གྱིས་རྒྱ་ནག་ལ་མགོ་སྒུར་བ་ཞེས་པའི་་སྐོར་།
2012.04.02
༄༅༎རྒྱ་གར་གཞུང་གིས་ཉིན་ཤས་སྔོན་རྒྱ་ནག་གི་སྲིད་འཛིན་ཇུ་ཅིན་ཐའོ་རྒྱལ་ས་ལྡི་ལིའི་ནང་BRICS ཚོགས་འདུར་ཡོང་སྐབས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་བོད་མི་གང་བྱུང་འཛིན་བཟུང་བྱས་པ་དེ་ནི་བོད་དོན་ཐད་རྒྱ་གར་གྱིས་རྒྱ་ནག་ལ་མགོ་སྒུར་ཡོད་སྐོར་ཁ་ས་Asia Wall Street Journal ཞེས་པས་གནས་ཚུལ་སྤེལ་འདུག རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་ཐོག་དྲག་ཤུཌ་བེད་སྤྱོད་བཏང་སྟེ་དྲག་གནོན་ཤུཌ་ཆེ་བྱེད་བཞིན་པ་ཡོངས་གྲགས་ཡིན་ལ་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པ་རེད་ ཡིན་ན་ཡང་མང་གཙོའི་ལམ་ལུཌ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་སྐད་གྲགས་ཡོད་པའི་རྒྱ་གར་གྱིས་བོད་མིར་དྲག་གནོན་བྱ་རྒྱུར་རྒྱ་ནག་དང་ལག་འབྲེལ་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ་ཞེས་འདྲི་བ་བཀོད་འདུག་
གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་རྒྱལ་ས་ལྡི་ལིར་འབྱོར་སྐབས་རྒྱ་གར་གཞུང་གིས་བོད་མིས་སྲིད་འཛིན་ཧུ་ལ་ངོ་རྒོལ་རྔམ་སྟོན་བྱས་ཚེ་ཧུ་ཅིང་ཏའོ་ངོ་ཚ་ཁ་སྐྱེངས་་ཡོང་རྒྱུ་ཡིན་པས་རྒྱ་གར་གྱི་དཔོན་རིགས་ཚོས་བོད་དོན་དོན་གཉེར་བ་བོད་མི་༢༥༠་ལྷག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད་ བོད་མི་གཞན་ཡོངས་རྫོཌ་རང་གི་ཁྱིམ་ཚང་ནང་གནས་འཇུག་རྒྱུའི་ཐག་གཅོད་བྱས་པ་རེད་ BRICS ཚོགས་འདུའི་མགྲོན་བདག་ཡིནཔ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་ནག་གཞུང་ནས་ཨེ་ཤེ་ཡའི་མངའ་ཁུལ་ནང་རང་གི་སྟོབས་ཤུཌ་རྒྱ་བསྐྱེད་གཏོང་རྒྱུར་ཁ་གཏད་གདོང་ལེན་གནང་བཞིན་ཡོད་རུང་ ཁོང་གིས་རྒྱ་ནག་གིས་ཚོར་རྣོར་ཆེན་པོར་རྩིས་པའི་གནད་དོན་ཁག་ལ་མགོ་བོ་སྒུར་རྩིས་ཡོད་པའི་བརྡ་བཏང་ཡོད་པ་དང་དེའི་ལན་དུ་རྒྱ་ནག་གཞུང་གིས་བོད་མིའི་ངོ་རྒོལ་ཟིང་ཆ་ཁག་སྔོན་འགོག་ཆེད་ལས་དོན་ནུས་པ་ཐོན་པ་སྤེལ་བར་ཐུགས་རྗེ་ཞུས་ཡོད་འདུག་