ཉི་ཧོང་གིས་གོ་ལའི་ཚ་དྲོད་ཉུང་དུ་གཏོང་ཐབས།

ཉི་ཧོང་དུ་སའི་གོ་ལའི་ཚ་དྲོད་བརྒལ་བའི་རྒྱུ་རྐྱེན་དུག་རླངས་ཀྱི་ཚད་གཞིའི་ཚ་དྲོད་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ཉུང་དུ་གཏོང་རྒྱུ་ཡིན་ལུགས།

2009.09.07

༄༅༎ཉི་ཧོང་ནང་གསར་དུ་འོས་འདེམས་བྱུང་བའི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་ནས་མ་འོངས་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ནང་ཚུད་ཉི་ཧོང་དུ་སའི་གོ་ལའི་ཚ་དྲོད་བརྒལ་བའི་རྒྱུ་རྐྱེན་དུག་རླངས་ཀྱི་ཚད་གཞིའི་ཚ་དྲོད་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ཐོག་པའི་དམིགས་ཡུལ་དེ་བཞིན་ཕྱི་ལོ་༡༩༩༠ཐམ་པ་གཞི་གཏན་དུ་བཞག་ནས་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་བར་ཚན་རིག་གི་ལག་རྩལ་བརྒྱུད་ནས་འཛམ་གླིང་དྲོད་ཚད་གི་འགྱུར་བའི་ཐོག་དུག་རླངས་ཀྱི་ཁ་རླུང་དྲོད་ཚད་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ཉུང་དུ་གཏོང་གནང་རྒྱུའི་དམིགས་ཡུལ་གཏན་པོ་འཛིན་གནང་ཡོད་ལུགས་སྲིད་བློན་མཆོག་ནས་གསལ་སྟོན་གནང་ཡོད་པ་རེད། ཡང་སྲིད་བློན་ཧ་ཏོ་ཡ་མ་མཆོག་གིས་མུ་མཐུད་གསུངས་ན་ང་ཚོའི་རྒྱལ་ཁབ་ཀྱིས་འཛམ་གླིང་སའི་གོ་ལའི་ཚ་དྲོད་ཉུང་དུ་གཏོང་རྒྱུའི་ལས་འགུལ་སྤེལ་བ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་ཀྱང་དེའི་ཐོག་མཉམ་ལས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་སྦྲགས་ཉི་ཧོང་ཁོ་ནས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་ཉུང་དུ་བཏང་རྒྱུའི་དམིགས་ཡུལ་འཛིན་ཡང་དེའི་མཉམ་དུ་རྒྱལ་ཁབ་ཁག་གཞན་ཁག་གིས་མཉམ་ལས་མི་གནང་བ་ཡིན་ན་དེས་ཕན་ཐོགས་གང་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་ཀྱང་གསལ་སྟོན་གནང་ཡོད་པ་རེད། ཉི་ཧོང་དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་ཆེ་གྲས་ཀྱི་རྒྱལ་ཁབ་ཨང་གཉིས་པ་ཆགས་ཀྱི་ཡོད་པ་དང་རིང་མིན་ཕྱི་ཟླ་བཅིུས་ནང་ཁོ་པེན་ཧ་གེན་ནང་ཀྱིཡོ་ཊོ་ཆིངས་ཡིག་དོན་ཚན་ཁག་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་དུས་ཚོད་རྫོགས་ཀྱི་ཡོད་པ་དེ་དག་མུ་མཐུད་མཇུག་སྐྱོང་གནང་རྒྱུའི་ཆེད་ཉི་ཧོང་ནས་ལྷན་ཚོགས་དེའི་ཐོག་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་འགྱུར་བའི་གནད་དོན་སྐོར་ལའང་གནས་ཚུལ་བརྒྱུད་ཁྲོད་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎