རྒྱ་ནག་གིས་ཨོ་སོ་ཀྲོ་ལི་ཡའི་གཞུང་འབྲེལ་མི་སྣར་གནོན་ཤུགས།

རྒྱ་ནག་གཞུང་གིས་ཨོ་སོ་ཀྲོ་ལི་ཡའི་གཞུང་འབྲེལ་མི་སྣར་བོད་དོན་གྱི་ཐད་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ལུགས་སྙན་ཐོ་ཞིག་ནང་ཐོན་འདུག

2009.04.08

༄༅༎རྒྱ་ནག་གཞུང་གིས་ཨོ་སོ་ཀྲོ་ལི་ཡའི་གཞུང་འབྲེལ་མི་སྣར་བོད་དོན་གྱི་ཐད་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ལུགས་ཡུལ་དེའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་ཡོད་པ་རེད།

དེང་སྐབས་དཔལ་འབྱོར་ཉམས་རྒུད་དཀའ་ངལ་དང་འབྲེལ་རྒྱ་ནག་དང་དཔལ་འབྱོར་གཅིག་ལ་གཅིག་རྟེན་སོགས་ཀྱི་ཐོག་ནས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་བོད་དོན་གཙོ་བོར་འགྱུར་བའི་གནད་དོན་མང་པོའི་ཐད་ལ་གནོན་ཤུགས་ཐེབས་ཀྱི་ཡོད་ལུགས་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་པཱོལ་སྦོཀ་ནས་གོང་ཞུས་སྙན་ཐོ་དེའི་ནང་དེ་ལྟར་འགྲེལ་བརྗོད་གནང་ཡོད་པ་རེད། སྙན་ཐོ་དེའི་ནང་མུ་མཐུད་གནས་ཚུལ་བཀོད་པར་གཞིགས་ན་རྒྱ་ནག་གི་ཕྱི་འབྲེལ་མི་སྣས་ཨོ་སོ་ཀྲོ་ལི་ཡའི་ནང་སྲིད་དོན་གྱི་མི་སྣ་ཚོར་གནོན་ཤུགས་སྤྲད་པ་དང་ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་བོད་དོན་ཐད་ཁ་ཁུ་སིམ་པོའི་ངང་བཞུགས་པའི་དེའི་རྐྱེན་གྱིས་བོད་ཀྱི་དངོས་ཡོད་གནས་སྟངས་དང་ལོགས་སུ་འགལ་ཏེ་བོད་མིའི་གནས་སྟངས་བཟང་ཕྱོགས་སུ་འཕེལ་རྒྱས་ཕྱིན་པར་མཐོང་བའི་ཉེན་ཁ་ཡོད་པ་རེད་ཅེས་དང་ཨོ་སོ་ཀྲོ་ལི་ཡའི་ཆབ་སྲིད་དང་སྲིད་ཇུས་གཏན་འབེབས་གནང་མཁན་ཚོས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་ཡིད་གཟབ་གནང་དགོས་ཀྱི་འདུག་ཅེས་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་པཱོལ་སྦོཀ་ཡིས་འགྲེལ་བརྗོད་གནང་བ་དང་སྦྲགས་རྒྱ་ནག་གི་ལྷན་དུ་འདྲ་མཉམ་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་པར་གང་འདྲ་བྱས་ནས་བགྲོ་གླེང་དང་རྣམ་དཔྱོད་བེད་སྤྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་དེ་བཞིན་གལ་འགངས་ཆེ་བའི་གནད་དོན་ཁག་གང་ལེགས་ཡོང་ཐབས་སུ་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎