རྔ་བ་ཁུལ་དུ་རྒྱ་གཞུང་གིས་དམ་བསྒྲགས་བྱེད་བཞིན་པ།

རྒྱལ་སྤྱིའི་གསར་ལམ་ཨེ་པིས་རྔ་བའི་ཁུལ་དུ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

2012.03.01

༄༅༎རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེ་ཕྱི་ཚུལ་དུ་ཁྲོམས་གཞུང་ཐོག་ཉེན་རྟོགས་པ་དང་བདེ་འཇགས་མི་སྣས་སྐོར་གཡེང་བྱས་པ་ཙམ་མིན་པར་གཞི་རྩའི་བོད་མི་ཚོའི་སེམས་ནང་འཇིགས་སྣང་གི་འཁོར་ཡུག་སྐྲུན་ཐབས་ཡིན་པ་དེ་མངོན་གསལ་དོད་པོ་ཡོད་པའི་སྐོར་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཨེ་པི་གསར་ལས་ཁང་གིས་གནས་ཚུལ་བཀོད་དོན་དུ།འདས་པའི་ལོ་ངོ་གསུམ་རིང་བོད་མདོ་སྨད་རྔ་པ་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་གྱི་གནོན་རྩིར་བསྟུད་མར་བྱེད་བཞིན་པའི་ཐོག་ད་ལྟའི་འཆར་མཚོན་ན།ཁུལ་དེའི་ནང་དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་གཞུང་ལམ་སྟེང་སྣུམ་འཁོར་གྱི་ལས་རྟགས་ཐོ་བཀོད་དང་སྣུམ་འཁོར་སྔོག་བཤེར་འགྲིམ་འགྲུལ་བ་རྣམས་ལ་འདྲི་རྩད་བྱེད་པ་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་གློ་བུར་དུ་སྐྱོད་དེ་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མི་མཐུན་པའི་དེབ་རིགས་འཚོལ་ཞིབ་བྱེད་པ་དང་དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཅེས་པའི་སློབ་གསོའི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་སོགས་དངོས་གསལ་དོད་པོའི་ཐོག་ནས་མཐོང་རྒྱུ་ཡོད་འདུག ཕྱི་ཚུལ་གྱི་དམ་བསྒྲགས་དེའི་ཁར་ས་གནས་ཉེན་རྟོག་པ་དང་གསང་བའི་ལས་བྱེད།བདེ་འཇགས་མི་སྣ་སོགས་ཀྱིས་བོད་མིའི་སེམས་ལ་དཀའ་ངལ་བཟོ་ཆེད་བཙན་བཤད་ཀྱི་ལམ་ནས་རྒྱ་ནག་ལ་ཞེན་ཁོག་ཀུན་སློང་བྱ་ཐབས་དང་ཆབས་ཅིག བོད་མི་ཚོའི་ཆིག་སྒྲིལ་མེད་པ་བཟོ་ཐབས་ཆེད་རྔ་པའི་ཕྱི་ལ་ཡོད་པའི་ས་ཁུལ་ཁག་གིས་བོད་མི་ལས་བྱེད་པ་རྣམས་རྔ་པའི་ནང་བསྔགས་གཏོང་བྱས་པ་བརྒྱུད་ སོ་རྟ་བྱེད་དུ་བཅུགས་སྟེ། བོད་མི་ནང་ཁུལ་མི་མཐུན་པ་བཟོ་ཐབས་བྱེད་ཀྱི་ཡོད་པའི་གནས་ལུགས་གསལ་འདོན་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎