༸སྐུའི་སྐུ་ཚབ་དང་འབྲེལ་མོལ་སྒོ་ཕྱེས་ཡོད་ལུགས་བསྐྱར་བཤད།

བོད་ལ་རང་བཙན་མ་ཡིན་པའི་དེ་མིན་༸སྐུའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་སྒོ་མོ་ཕྱེ་ནས་ཡོད་ཅེས་རྒྱ་ནག་གཞུང་གིས་བསྐྱར་བཤད་བྱས།

2008.11.20

༄༅༎བོད་ལ་རང་བཙན་མ་ཡིན་པའི་དེ་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་སྒོ་མོ་ཕྱེ་ནས་ཡོད་ཅེས་རྒྱ་ནག་གཞུང་གིས་བསྐྱར་བཤད་བྱས་བཞག

དེ་ཡང་རྒྱ་གར་རྡ་རམ་ས་ལར་བོད་མི་གནས་སྡོད་ས་ཁུལ་ཚང་མའི་སྐུ་ཚབ་རྣམས་ལྷན་འཛོམས་གནང་སྟེ་མ་འོངས་བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་ལངས་ཕྱོགས་སྐོར་གྲོས་མོལ་གནང་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲའོ་ལྦེ་ཆུན་གྱིས་ཕེ་རན་སི་རྒྱལ་ས་པེ་རི་སི་ནང་ཕྱི་སྡོད་རྒྱ་རིགས་ཁག་ཅིག་དང་ལྷན་དུ་ཐུགས་འཕྲད་གནང་བའི་སྐབས་བོད་ལ་རང་བཙན་ནི་ནམ་ཡང་ཡོང་ཐབས་མེད་པ་དང་དེ་བཞིན་བོད་དོན་ཞེས་པའི་ཐོག་རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་ཡང་ཡོང་མི་སྲིད་པ་ཞིག་རེད། རྡ་རམ་ས་ལར་ཡོད་པའི་སྐྱབས་བཅོལ་གཞུང་ནི་ཁྲིམས་འགལ་གྱི་གཞུང་ཞིག་ཡིན་སྟབས་རྒྱ་ནག་དབུས་གཞུང་གིས་སྐྱབས་བཅོལ་གཞུང་དང་ལྷན་དུ་བཀའ་མོལ་ནམ་ཡང་ཞུ་གི་མ་རེད་ལ་བོད་རང་བཙན་གྱི་གནད་དོན་ཐད་ཕན་ཚུན་གོ་ཤེས་ཀྱིས་གནད་དོན་ཐག་གཅོད་གནང་ཐབས་མེད་པ་ཞིག་རེད་ཅེས་བཤད་བཞག དེ་བཞིན་ཁོང་གིས་ཏཱ་ལའི་བླ་མས་ལངས་ཕྱོགས་ནོར་བ་རྙམས་དོར་བ་ཡིན་ན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་མ་འོངས་པའི་སྐོར་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུ་གི་རེད་ཅེས་གསུང་བཞག

ཡང་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ཐོག་མཁས་དབང་ཡིན་ཞེས་པའི་རྒྱ་རིགས་ཁག་ཅིག་དལྟ་ཡུ་རོབ་ནང་སྐོར་བསྐྱོད་བྱ་མུས་ལ་ཁོང་ཚོས་ཡུ་རོབ་ཀྱི་ཆབ་སྲིད་པ་དང་གསར་འགོད་པ།ཕྱི་སྡོད་རྒྱ་རིགས།རྒྱ་ནག་གི་སློབ་ཕྲུག་སོགས་ཐུགས་འཕྲད་བྱས་ཏེ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་འདུག བོད་མི་ཚོས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་བོད་ནི་རྒྱལ་རབས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མ་ཡིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎