རྒྱ་གར་ཚོང་པ་བོད་དུ་ཡོང་རྒྱུར་རྒྱ་ནག་གིས་བཀག་འགོག་བྱས་པ།

རྒྱ་གར་གྱི་ཚོང་པ་ཚོར་བོད་ཀྱི་ས་ཁུལ་དུ་ཚོང་ལས་བྱེད་པར་ཡོང་མི་ཆོག་ཅེས་རྒྱ་ནག་གི་ཕྱོགས་ནས་བཀག་འགོག་བྱས་ཡོད་པ་རེད་

2008.10.19

༄༅༎རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཊར་ཀན་ཊིའི་གྲོང་ཁྱེར་ཌེ་ར་གྲོང་ནས་པེརེསི་ཀྲ་ར་སེ་ཨོཕ་ཨིན་ཌི་ཡ་ཞེས་པའི་རྒྱ་གར་གྱི་གསར་འགྱུར་ཚན་པས་ཁ་ས་སྤེལ་བའི་གནས་ཚུལ་ལྟར་ན་བོད་དང་རྒྱ་གར་གཉིས་ས་འབྲེལ་ཆགས་སའི་ལི་པོ་ལེགས་ཟེར་བའི་བོད་ཕྱོགས་ཀྱི་ལ་ཆེན་དེར་འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་རིང་བོད་དང་རྒྱ་གར་གྱི་ཚོང་པ་ཚོའི་དབར་དངོས་ཟོག་ཕར་བཙོང་ཚུར་ཉོ་བྱ་སྲོལ་ཡོད་རུང་འདི་ལོར་མཚོན་ན་ཐོག་མར་པེ་ཅིང་ནང་ཚུགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་དང་ཕྱིས་སུ་བོད་ནང་གི་ཟིང་ཆར་བརྙད་དེ་བདེ་འཇགས་ཀྱི་གནད་དོན་ལ་ཁ་དཀྲི་གཡོག་སྟེ་རྒྱ་གར་གྱི་ཚོང་པ་ཚོས་བོད་ཀྱི་ས་ཁུལ་དུ་ཚོང་ལས་བྱེད་པར་ཡོང་མི་ཆོག་ཅེས་རྒྱ་ནག་གི་ཕྱོགས་ནས་བཀག་འགོག་བྱས་ཡོད་པ་རེད་ འོན་ཀྱང་རྒྱ་གར་གྱི་ཕྱོགས་ནས་རྒྱ་གར་གྱི་ཚོང་པ་ཚོར་བོད་ནང་ཚོང་ལས་ཆེད་དུ་བསྐྱོད་ཆོག་པའི་ལག་འཁྱེར་དྲུག་ཅུ་སྤྲད་ཡོད་པ་རེད་ རྒྱ་གར་དང་བོད་ཀྱི་ས་མཚམས་ནས་བརྒལ་ཏེ་བོད་ནང་འགྲོ་རྒྱུར་རྒྱ་ནག་གི་གཞུང་ཕྱོགས་ནས་བཀག་འགོག་བྱས་པ་རེད་ཅེས་རྒྱ་གར་གྱི་གྲོང་ཁྱེར་པི་ཐོ་ར་གར་གྱི་ས་གནས་དཔོན་རིགས་ཤིག་གིས་གནས་ཚུལ་འགྲེལ་བཤད་སྐྱོན་ཡོད་པ་རེད་ སྔར་ནང་བཞིན་བོད་དང་རྒྱ་གར་གྱི་ཚོང་པའི་དབར་དངོས་ཟོག་ཕར་བཙོང་ཚུར་ཉོ་རྒྱུན་འཁྱོངས་བྱ་རྒྱུར་སླར་གསོ་མི་ཐུབ་པའི་ཐད་རྒྱ་གར་གྱི་ཚོང་པ་ཚོས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཞུ་གི་ཡོད་པ་རེད་ལ་བོད་ཀྱི་ཚོང་པའི་ས་ནས་ཚུར་རྒྱ་ནག་ནས་ཐོན་པའི་འབུ་རས་རིགས་དང་རྒྱ་གར་གྱི་ཁྲོམ་རའི་ནང་དགོས་མཁོ་ཤིན་ཏུ་ཆེ་བའི་སེམས་ཅན་རིགས་ཤིག་ཀྱང་ཉོ་ཆོག་པའི་ཆོག་མཆན་སྤྲོད་དགོས་ཀྱི་འདུག་ཅེས་རྒྱ་གར་གྱི་ཚོང་པ་ཚོས་གཞུང་ལ་རེ་འདུན་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎