ལིའུ་ཤའོ་ཕུའུ་དང་ནང་མི་ཐུག་འཕྲད་བྱེད་བཅུག་མེད་པ།

རྒྱ་ནག་གཞུང་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཤའོ་ཕུའུ་དང་ནང་མི་ཚོ་ཐུག་འཕྲད་བྱེད་བཅུག་མེད་པའི་སྐོར།

2010.12.17

༄༅༎རྒྱ་ནག་གཞུང་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཤའོ་ཕུའུ་དང་ནང་མི་ཚོ་ཐུག་འཕྲད་བྱེད་བཅུག་མེད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་གནང་འདུག

རྒྱ་ནག་གི་ཇིང་ཀྲའུ་ས་གནས་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འདི་ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ལིའུ་ཤའོ་ཕུའུ་དང་ཁོང་གི་ནང་མི་ཚོ་ཟླ་བ་འདིའི་ནང་ཐུག་ཕྲད་བྱེད་བཅུག་མེད་པ་མ་ཟད་ ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཞའ་ལ་ཡང་གང་བྱུང་ཕྱི་ལ་སྐྱོད་མི་ཆོག་པའི་ཁར་ ཕྱི་ལ་ཁ་པར་སོགས་ཀྱི་འབྲེལ་བ་བྱ་རྒྱུར་ཡང་བཀག་སྡོམ་མུ་མཐུད་བྱེད་མུས་ཡིན་པ་ ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ཞེས་པས་དེ་རིང་གནས་ཚུལ་སྤེལ་འདུག  འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་ལིའུ་ཤའོ་ཕུའུ་ཡི་གཅེན་པོ་ལིའུ་ཤའོ་ཀོང་གིས་བཀའ་མོལ་ལུང་འདྲེན་བྱས་པའི་ནང་ལིའུ་ཤའོ་ཕུའུ་ཡི་གཅེན་པོ་ལིའུ་ཤའོ་ཀོང་གི་ཁྱིམ་གྱི་ཁ་པར་ཡང་གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་ནོར་ལྦེའིགྱི་རྒྱལ་ས་ཨོ་སི་ལོར་ལིའུ་ཤའོ་ཕུའུ་ལ་འདི་ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་བཅད་ནས་ད་ལྟ་གཞི་ནས་མཐུད་ཐུབ་པ་ཞིག་བྱུང་ཡོད་པ་དང་ དེ་བཞིན་ཇིང་ཀྲའུ་བཙོན་ཁང་གི་འབྲེལ་ཡོད་ནས་ཟླ་བ་འདིར་ལིའུ་ཤའོ་ཕུའུ་ཐུག་འཕྲད་བྱེད་བཅུག་རྒྱུ་མིན་པའི་བརྡ་ཐོ་འབྱོར་ལུགས་གསུངས་འདུག   འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་བརྗོད་དོན་ལྟར་ན་ ལིའུ་ཤའོ་ཕུའུ་ཡིས་བཟའ་ཟླ་ལིའུ་ཞའ་ཡི་ཕ་ཡིས་འགྲེལ་བརྗོད་བྱས་པར་ རྒྱ་ནག་གཞུང་གིས་ཁོང་དང་བོུ་ལིའུ་ཞའ་གཉིས་ད་དུང་ཡང་ཐུག་ཕྲད་བྱེད་བཅུག་གི་མེད་པའི་སྐོར་གསུངས་འདུག དེ་མིན་ལིའུ་ཤའོ་ཕུའུ་ཡིས་ཁྲིམས་རྩོད་པའི་གྲས་ཧྲང་བའོ་ཅུན་གྱིས་ ཁོང་གིས་ད་ལྟའི་ཆར་ལིའུ་ཤའོ་ཕུའུ་ཡི་ནང་མིའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་ རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བྱས་ནས་ལིའུ་ཤའོ་ཕུའུ་བཙོན་ཁང་ནང་སྡོད་རིང་ཟླ་བ་རེར་ནང་མི་སྤུན་མཆེད་ཐུག་ཕྲད་ཐེངས་རེ་བྱེད་ཆོག་གི་ཡོད་ཀྱང་ཟླ་བ་འདི་ལིའུ་ཤའོ་ཕུའུ་དང་ནང་མི་ཚོ་ཐུག་ཕྲད་བྱེད་བཅུག་མེད་པ་འགྲེལ་བརྗོད་གནང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎