ཨ་རིའི་སྲིད་འཛིན་ནས་བོད་ཐོག་གླེང་བ།

ཨ་རིའི་སྲིད་འཛིན་ནས་རྒྱ་གཞུང་དང་༸སྐུའི་སྐུ་ཚབ་དབར་གྱི་བོད་རྒྱ་འབྲེལ་མོལ་ལ་དོན་འབྲས་ཤིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་གསུངས་བ།

2009.03.13

༄༅༎ཨ་རིའི་ནང་གཟིགས་བསྐོར་གནང་བཞིན་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཀྲེ་ཡིས་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་དཔོན་རིགས་རྣམ་གཉིས་ཀྱི་དབར་ཡུལ་གཉིས་ཀྱི་འབྲེལ་ལམ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབས་གཞན་ཡང་བྱང་ཀོ་རི་ཡའི་གནད་དོན་གྱི་མཚོན་རྒྱལ་སྤྱིའི་དཀའ་རྙོག་ཁག་ཅིག་གི་ཐད་བཀའ་བསྡུར་གནང་ཡོད་པ་དང་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་ཀྱི་ནང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་ཀྱི་གནད་དོན་གླེང་སློང་གི་གནང་བའི་ནང་སྲིད་འཛིན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲེ་ལ་རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྱི་བོད་རྒྱ་འབྲེལ་མོལ་ལ་དོན་འབྲས་ཤིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གང་ལྟར་ཨ་རིའི་སྲིད་འཛིན་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་གླེང་སློང་གནང་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་སྲིད་འཛིན་ཨོ་སྦ་མ་མ་ཆོག་མཇལ་འཕྲད་ཀྱི་སྔོན་སྔ་དྲོ་ཨ་མི་རི་ཀའི་རྒྱལ་སུང་སློབ་སྟོན་པ་དམག་དཔོན་ཇོན་སོ་དང་མཇལ་འཕྲད་གནང་ཡོད་པ་དང་ཕྱོགས་མཚུངས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་ཅིང་སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པའི་སྐོར་ཕྱི་སྲིད་དྲུང་ཆེ་རང་ཉིད་ཀྱིས་གསར་འགོད་ལྷན་ཚོགས་ཐོག་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎