ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་བློན་མཇལ་འཛོམས།

ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའི་དང་མཇལ་འཕྲད་གནང་བའི་རྗེས་རྒྱ་ནག་ནང་གི་གཟིགས་སྐོར་མཇུག་བསྒྲིལ་གནང་བ།

2009.11.18

༄༅༎དེ་རིང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའི་དང་མཇལ་འཕྲད་གནང་བ་དང་དེ་རྗེས་རྒྱ་ནག་ལྕགས་རིར་གཟིགས་སྐོར་གནང་ནས་རྒྱ་ནག་ནང་གི་གཟིགས་སྐོར་མཇུག་བསྒྲིལ་གནང་འདུག

ཨ་རིའི་སྲིད་འཛིན་མཆོག་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་ཉིན་གུང་གསོལ་ཚིག་ལྷན་བཞེས་མཇལ་འཛོམས་ཐོག་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་གསར་འཛུགས་གནང་རྒྱུའི་འདུན་པར་བསྔགས་བརྗོད་གནང་རེས་དང་འབྲེལ་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་ཕན་ཚུན་དབར་འཐབ་འཁྲུག་བྱས་པ་ལས་གྲོས་མོལ་བྱས་ན་བཟང་བ་དང་དགྲ་ཁ་གཏད་བྱས་པ་ལས་མཛའ་འབྲེལ་བྱས་ན་བཟང་བ་ཡོད་སྐོར་གསུངས་ཏེ་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ནང་ད་རེས་གཟིགས་སྐོར་གནང་བའི་རྗེས་རྒྱལ་ཁབ་གཉིས་དབར་ཡོད་བཞིན་པའི་ཁྱབ་ཆེ་བའི་མཉམ་མཐུན་གྱི་འབྲེལ་བ་དེ་རིམ་པ་གསར་པ་ཞིག་ལ་འཁྲིད་གནང་བའི་རེ་བ་ཞུ་གིན་ཡོད་ཅེས་ལྦེན་ཅ་པའོ་ཡིས་འགྲེལ་བརྗོད་གནང་འདུག

སྲིད་འཛིན་ཨོ་སྦ་མ་མཆོག་གིས་འཛམ་གླིང་ནང་གི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱ་རྒྱུར་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བ་དེ་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་བཞག

རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཉམ་དུ་གནད་དོན་མང་པོ་ཞིག་སྐོར་བཀའ་མོལ་གནང་རྗེས་དབུ་ཁྲིད་རྣམ་གཉིས་དབར་འཛམ་གླིང་ནང་གི་དཀའ་རྙོག་ཆེ་བའི་གནད་དོན་མང་པོ་ཞིག་སེལ་ཐབས་སུ་ཨ་རི་དང་རྒྱ་ནག་གཉིས་དབར་ཟུང་འབྲེལ་གནང་དགོས་གལ་ཆེ་ཆགས་ཡོད་པའི་ཐོག་མོས་མཐུན་གནང་འདུག འོན་ཀྱང་ཨི་རན་གྱི་གནད་དོན་དང་རྒྱ་ནག་གི་དངུལ་ལོར་ཡུའན་གྱི་འཛའ་ཐང་། བོད་ཀྱི་གནད་དོན་བཅས་ཀྱི་ཐོག་ཕྱོགས་གཉིས་དབར་དགོངས་ཚུལ་མ་མཐུན་པ་བྱུང་བའི་རྣམ་འགྱུར་ཐོན་ཡོད་པ་རེད།

རྒྱ་ནག་གི་སྲིད་བློན་དང་མཇལ་འཕྲད་གནང་བའི་རྗེས་སྲིད་འཛིན་ཨོ་སྦ་མ་མ་ཆོག་གིས་རྒྱ་ནག་ལྕགས་རིར་གཟིགས་སྐོར་གནང་སྟེ་ལྷོ་ཀོ་རི་ཡའི་ཕྱོགས་སུ་ཕེབས་ཐོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎