ཕེ་རན་སིི་གསར་ལས་ཁང་གིས་སྐུ་འབུམ་ནས་གནས་ཚུལ་སྤེལ་བ།

ཨོ་ལིམ་པིག་རྩེད་འགྲན་སྐབས་བོད་ནང་གི་བོད་མི་སྤྱི་དང་ལྷག་དོན་དུ་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲཌ་ཤུཌ་ཆེ་བྱེད་བཞིན་ཡོད་འདུག

2008.08.12

༄༅༎རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་བྱེད་བཞིན་པའི་རྐྱེན་གྱིས་བོད་ནང་གི་བོད་མི་སྤྱི་དང་ལྷག་དོན་དུ་བོད་ཀྱི་དགོན་སྡེ་ཁག་གི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་ཁ་ས་རྗེ་སྐུ་འབུམ་དགོན་ནས་ཕེ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གོང་ཞུས་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན་ རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་བྱེད་བཞིན་ཡོད་རུང་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་བྱེད་བཞིན་པའི་རྐྱེན་གྱིས་རྩེད་འགྲན་དེ་ལ་བརྟེན་ནས་བོད་མི་ཚོར་དགའ་སྤྲོའི་ཚོར་བ་སྐྱེས་ཀྱི་མེད་པ་དང་ལྷག་པར་དུ་བོད་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་ནང་གི་རྗེ་སྐུ་འབུམ་དགོན་གྱི་དགེ་འདུན་པ་ཕལ་ཆེ་བས་རྒྱ་ནག་གཞུང་ནས་ཚོར་རྣོར་ཆེན་པོར་རྩིས་པའི་གནད་དོན་སྐོར་ཕྱི་རྒྱལ་བ་ཚོར་བཀའ་མོལ་གནང་རྒྱུའི་ཐུགས་འདོད་གནང་གི་མེད་ཀྱང་ བཀའ་མོལ་གནང་མཁན་དགེ་འདུན་པ་འགའ་ཤས་ཡོད་པ་རྣམས་ཀྱིས་དོགས་ཟོན་ཆེན་པོའི་སྒོ་ནས་མཚན་འདོན་མ་གནང་བར་ བེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་བོད་མིའི་འགྲུལ་བཞུད་དང་ཁ་པར་སོགས་བརྒྱུད་ནས་གཞན་དང་འབྲེལ་བ་བྱ་རྒྱུར་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་སྐོར་གསུངས་འདུག

ཡང་ཁོང་རྣམས་ཀྱིས་རྒྱ་མིའི་དཔོན་རིགས་ཚོས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་ཟི་ཁྲོན་ཞིང་ཆེན་དེ་བཞིན་ཀན་སུ་ཞིང་ཆེན་སོགས་གང་ལྟར་བོད་ས་ཡོངས་རྫོགས་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱས་པ་ལྟར་ ཡང་བསྐྱར་བྱེད་པའི་ཞེད་སྣང་བྱེད་ཀྱི་ཡོད་ལུགས་གསུངས་འདུག དགེ་འདུན་པ་ཞིག་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མ་ཚར་གྱི་བར་དུ་ཁོང་རྣམས་ཀྱིས་ཨི་མེལ་འམ་གནས་འཕྲིན་དྲ་རྒྱ་བརྒྱུད་ནས་གཞན་ལ་འབྲེལ་བ་བྱ་རྒྱུ་བཀག་འགོག་བྱས་པ་དང་ཁོང་རྣམས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གཟིགས་པར་ཕེབས་འདོད་ཡོད་ན་ཡང་རྒྱ་མིས་ཁོང་རྣམས་རི་ལིའི་ལག་ཁྱེར་ཚོང་འགྲེམས་བྱེད་ཀྱི་མེད་པས་དགེ་འདུན་པ་རྣམས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་བྱེད་མུས་ཡིན་ནའི་དེའི་ཐོག་ཐུགས་སྣང་གནང་གི་མེད་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་རྗེ་སྐུ་འབུམ་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སོགས་སྤེལ་བ་དང་དམ་བསྒྲགས་ཤགུས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་དེ་སྔ་ཡིན་ན་རྗེ་སྐུ་འབུམ་དགོན་པའི་ནང་དགེ་འདུན་ཞལ་གྲངས་༣༦༠༠ལྷག་ཡོད་ན་ཡང་ ད་ཆ་དགེ་འདུན་པ་ཞལ་གྲངས་༨༠༠ལས་མེད་པའི་གནས་ཚུལ་ཡང་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎